Rmi lam bzlog pa

From Shangpa Resource Center








Resource ID BB206
Title rmi lam bzlog pa
Alt. title dpal mgon po'i rmi lam ngan pa bzlogs pa'i man ngag
Topics Chadrupa
Sub-Topics Reversal
Notes Version of rmi lam ngan pa bzlog thabs

རྨི་ལམ་བཟློགས་པ་བཞུགས་སོ།

བླ་མ་མགོན་པོ་དབྱེར་མེད་ལ་ཕྱག་འཚལ་ལོ།
།མགོན་པོ་ལ་བརྟེན་ནས་རྨི་ལམ་ངན་པ་བཟློགས་པའི་ཐབས་ལ། རྨི་ལམ་ངན་པ་དེ། གཉིད་སད་མ་ཐག་མདུན་དུ། གཏོར་མ་བཤམ་ལ། དེ་ནས་རང་གི་མདུན་དུ་དམ་ཚིག་མགོན་པོ་བསྐྱེད། ཡེ་ཤེས་པ་སྤྱན་དྲང་ལ་བསྟིམས་ལ། བླ་མ་མགོན་པོ་དབྱེར་མེད་ལ་གསོལ་བ་དྲག་ཏུ་གདབ་བོ། །དེ་ནས་ན་མོ་བྷུདྷ་ཡའི་གསོལ་བ་གདབ། བསྟོད་པ་བྱ། རྩ་སྔགས་ལ་བསྙེན་པ་བསྐྱལ་ལོ། །བསྙེན་པ་སྐྱེལ་ཙ་ན་མགོན་པོ་དང་རང་གི་ཞལ་གྱི་སྔགས་འཕྲེང་དེ་དག་འོད་ཟེར་འཕྲིང་ཐག་གི་ཚུལ་དུ་བསམ་ལ་བཟླས། དེ་ལས་འོད་ཟེར་འཕྲོས་པས་རྨི་ལམ་ངན་པ་ཐམས་ཅད་ཐུལ་ཐུལ་ཚིག་པར་བསམ་མོ། །དེ་ནས་གཏོར་མ་འབུལ་ཙ་ན། ནད་གདོན་མི་ཁ་ངན་པ་ཆགས་ཆེ་བ་ཐམས་ཅད་གཏོར་མར། སྔོན་དམར་དུ་བཀྲུག་འདུས་པས་མགོན་པོའི་ལྗག་ལས་འོད་ཟེར་སྦུ་གུ་ཅན་ཟུག་ནས་སིབ་སིབ་གསོལ་བར་བསམ་མོ། །ནན་ཏར་རྨི་ལམ་ངན་ན། ཉིན་མོ་ཡང་གཏོར་མ་བཅས་ལ་གསོལ་བ་གདབས་གསུང་། བྱེས་སམ་གཏོར་མ་མི་འབྱོར་པའི་སར། རང་གི་མདུན་དུ་ཐོད་པར་དམིགས་པས་བསྐྱེད་ལ་འབུལ་གསུང་། འཛོམ་པའི་སར་གཏའ་གཏོར་ལ་སོགས་པ་ཡོད་ཀྱང་གཏོར་ཆུང་ཅིག་བཤམ་དགོས་པ་ཡིན་གསུང་ངོ་།
།དཔལ་མགོན་པོའི་རྨི་ལམ་ངན་པ་བཟློགས་པའི་མན་ངག་ཅེས་བྱ་བ། རྫོགས་སོ།།