Rmi lam ngan pa bzlog thabs

From Shangpa Resource Center








Resource ID SCv11p851
Title rmi lam ngan pa bzlog thabs
Alt. title rmi lam ngan pa bzlog pa'i thabs
Topics Chadrupa
Sub-Topics Reversal
Link W23922
BDRC W3CN18508 (v3p.17)
WA00KG09215 (p.332)
Notes In "scroll 4". Version of rmi lam bzlog pa

༈ རྨི་ལམ་ངན་པ་བཟློག་ཐབས་བཞུགས་སོ།
༈ ༼ཇེ༽ མགོན་པོ་ལ་བརྟེན་ནས་རྨི་ལམ་ངན་པ་བཟློག་པའི་ཐབས་ལ། མཚན་མོ་རྨི་ལམ་ངན་པ་རྨིས་ན། གཉིད་སད་མ་ཐག་མདུན་དུ་གཏོར་མ་བཤམས། མདུན་གྱི་ནམ་མཁའ་མགོན་པོ་འཁོར་བཅས་བསྐྱེད། དེ་ལ་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ་པས། བླ་མ་མགོན་པོ་དབྱེར་མེད་ལ། ཅེས་གསོལ་བ་དྲག་ཏུ་གདབ། བསྟོད་པ་བྱ། དེ་ནས་རྩ་སྔགས་ལ། སརྦ་བིགྷྣན་ཤ་ཏྲུཾ་མཱ་ར་ཡའི་སྤེལ་ཚིག་དང་བཅས་པའི་བཟླས་པ་ཅི་མང་བྱས་ཏེ། དེ་ནས་རང་གི་ཞལ་ནས་མགོན་པོའི་ཞལ་དང་། མགོན་པོའི་ལྟེ་བ་ནས་རང་གི་ལྟེ་བར་འཁོར་བའི་སྔགས་ཀྱི་འཕྲེང་བ་ལས་འོད་ཟེར་མེ་འོད་ལྟ་བུ་འཕྲོས་པས། རྨི་ལམ་ངན་པ་ཇི་ལྟར་རྨིས་པའི་རྣམ་པ་དེ་ལྟར་བསྒོམས་པས། དེ་རྣམས་བྱ་སྒྲོ་མེས་ཚིག་པ་ལྟར་ལྷག་མ་མེད་པར་ཆོམ་ཆོམ་བསྲེག་པར་བསམ་པ་ཡང་ཡང་བྱ། དེ་ནས་གཏོར་མ་བྱིན་རླབས་བྱེད་ན། རྨི་ལམ་ངན་པ་ཇི་ལྟར་རྨིས་བ་དེ་ཡང་། གཏོར་སྣོད་དུ་བཅུག་པར་མོས་ཏེ་བྱིན་གྱིས་བརླབས་པས། འོད་དམར་ཤིག་གེ་བར་སོང་བར་བསྒོམ་ཏེ། མགོན་པོ་འཁོར་བཅས་ཀྱི་ཞལ་ནས། འོད་ཀྱི་སྦུ་གུ་བྱུང་བ་གཏོར་མ་ལ་ཟུག་སྟེ། རྨི་ལམ་ངན་པ་དེང་དེ་སིབ་སིབ་གསོལ་བར་བསམ། དེ་ནས་འཕྲིན་ལས་ཀྱང་བཅོལ་ལོ།
།རྨི་ལམ་ཤིན་ཏུ་ངན་ན་ཉིན་མོའང་གཏོར་མ་བཅས་ལ་གསོལ་བ་བཏབ། བྱང་སྟོངས་སམ་གཏོར་མ་མི་འཛོམ་པའི་སར་རང་གི་མདུན་དུ་ཐོད་པར་དམིགས་པ་བསྐྱེད་ལ་འབུལ་གསུངས། འཛོམས་པའི་ས་འཛིན་གཏོར་སོགས་ཡོད་ཀྱང་གཏོར་ཆུང་བཤམས་པར་བྱའོ། །ཨྀཐིཿ