Snying thig phyag rgya chen po ga'u ma'i sngon 'gro ngag 'don bskal bzang gdul bya 'dzin pa'i bka' brgyud thugs rje'i lcags kyu

From Shangpa Resource Center
Revision as of 09:31, 22 November 2020 by Sengue (talk | contribs)








Resource ID Sup5
Title dpal ldan shangs pa bka' brgyud kyi snying thig phyag rgya chen po ga'u ma'i sngon 'gro ngag 'don bskal bzang gdul bya 'dzin pa'i bka' brgyud thugs rje'i lcags kyu
Topics Mahamudra Gauma
Sub-Topics Preliminary practices
Link BDRC W1KG11959

To input 30 pages in umé

༄༅། །དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་སྙིང་ཐིག་ཕྱག་རྒྱ་ཆེན་པོ་གའུ་མའི་སྔོན་འགྲོ་ངག་འདོན་བསྐལ་བཟང་གདུལ་བྱ་འཛིན་པའི་བཀའ་བརྒྱུད་ཐུགས་རྗེའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས།

སྐབས་གནས་ཀུན་འདུས་བཀའ་བརྒྱུད་རིན་པོ་ཆེ། །དངོས་གྲུབ་ཀུན་འ་་་་ད་ཡི་དམ་རིན་པོ་ཆེ། །བར་ཆད་ཀུན་བསལ་ཆོས་སྐྱོང་རིན་པོ་ཆེ། ་་་་ཀྱི་གནས་ལུང་རྟོགས་པར་ཤོག
།རྒྱལ་བ་སྲས་བཅས་བགྲོད་གཅག་་་་་ ཕྱག་ཆེན་སྔོན་འགྲོའི་ངག་འདོན་འད་ལྟར་བྱ།
དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྤྱི་བོར་པདྨའི་གདན་བཞུགས་ལ། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ།
།དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས། སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོ། དཔལ་ལྡན་རྩ་བའི་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ།
།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པའི་ཞབས་ལ་ཕྱག་འཚལ་ལོ།
།བདག་གི་ལུས་དང་ངག་དང་ཡིད་ལ་ཕྱི་ནང་གི་བར་དུ་གཅོད་པ་ཐམས་ཅད་ཞི་བ་དང་བསྲུང་ཞིང་བྱིན་གྱིས་བརླབ་ཏུ་གསོལ།
དལ་འབྱོར་འདི་ནི་རྙེད་པ་ཤིན་ཏུ་དཀའ། །སྐྱེས་བུའི་དོན་སྒྲུབ་ཐོབ་པརགྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོརབ་ག་ལ་འགྱུར། །སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་ལྟ་དང་མཚུངས། །འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རིག་ཟརའབབ་ཆུ་བཞིན་དུ་མྱུར་མྱོང་འགྲོ། །དུས་ཀྱི་བསྙེན་ནས་རྒྱལ་པོ་འགྲོ་འགྱུརན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དག་ནི་གང་དང་གང་འགྲོ་བ། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །སྲེད་སྲིད་མ་རིག་དབང་གིས་སྐྱེ་བོ་རྣམས། །མི་དང་ལྷ་དང་ངན་སོང་རྣམ་གསུམ་པོ། །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། །དཔེར་ན་རྫ་མཁན་འཁོར་ལོ་འཁོར་བ་བཞིན། སྲིད་གསུམ་རྒ་དང་ནད་ཀྱི་སྡུག་བསྔལ་འབར། །འདི་ན་འཆི་མེད་རབ་འབར་མགོན་མེད་དེ། །སྲིད་ལས་བྱུང་ལ་འགྲོ་བ་རྟག་ཏུ་རྨོངས། །བུམ་པར་ཆུད་པའི་བུང་བ་འཁོར་བ་བཞིན།
ཞེས་བརྗོད་ཅིང་དོན་བསམ་མོ། །དེ་ནས་སྐྱབས་འགྲོ་ནི།
མཁའ་དབྱིངས་དག་པར་་་་་་སོང་ཁྲིའི་སྟེང་། གདོད་མའི་