Spos sbyor man ngag

From Shangpa Resource Center








Resource ID BB213
Title spos sbyor man ngag
Topics Chadrupa
Sub-Topics Incense preparing
Author Rahula
Associated Person Khyungpo Neljor

༼སྤོས་སྦྱོར་མན་ངག།༽

མགོན་པོའི་སྤོས་སྦྱོར་བྱེད་ན། མཎྜལ་ནག་པོའི་སྟེངས་དུ། དབུས་སུ་ཤ་ཆེན། གཡས་སུ་སྒོག་སྐྱ། གཡོན་དུ་ཚ་གསུམ། མདུན་དུ་ཁྲག །རྒྱབ་དུ་ཉུང་ཀར། འཚམས་རྣམས་སུ་གུ་ཀུལ་ནག་པོ། སྐེ་ཚེ་ནག་པོ་སྣ་ཚོགས་བསྲེས་པ་རྣམས་བཞག་ལ། དེ་ཐམས་ཅད་མི་དམིགས་པ་ལས་མཆོད་པའི་ལྷ་མོར་བསམས། ཨོཾ་ཨཿཧཱུྃ། མ་ཧ་ཀ་ལ་བཛྲ་དྷཱུ་པེ་ཧཱུྃ། ཅེས་པས་རྫས་རྣམས་ཕུན་གསུམ་འཚོགས་པར་བསམ། དེ་རྣམས་ལེགས་པར་བཏགས་ལ། ཨོཾ་ཨཿཧཱུྃ། མ་མ་སིདྷི་ཀུ་རུ་སྭཱ་ཧཱ། ཅེས་བྱས་ལ་རིལ་བུ་བྱས་ཏེ་བསྲེགས་ན་འབྱོན་ངེས་སོ།
བླ་མ་ར་ཧུ་ལའི་གསུང་པ་ལས་ཐོསཔ། ཁྱུང་པོ་རྣལ་འབྱོར་བདག་གིས་ཡི་གེར་བཀོད་པ་རྫོགས་སོ། ཤུ་བྷཾ།། །།