Trag shad kyi ba dan la brten nas bskrad par byed pa

From Shangpa Resource Center








Resource ID SCv11p893
Title trak+shad kyi ba dan la brten nas bskrad par byed pa
Topics Dügön Trakshad
Sub-Topics Various
Author Gelek Pelsang
Link BDRC W23922

༈ ཏྲཀྴད་ཀྱི་བ་དན་ལ་བརྟེན་ནས་བསྐྲད་པར་བྱེད་པ་བཞུགས་སོ།།
༈ ༼ཡེ༽ ཏྲཀྴད་ཀྱི་བ་དན་ལ་བརྟེན་ནས་དགྲ་བོ་བསྐྲད་པའི་ཐབས་ནི།
ཤ་བའི་རྭ་གཡོན་པ་ལ་བ་དན་ལྕེ་བརྒྱད་པ་བཟོས་ཏེ། ཨོཾ་མ་ཧཱ་ཀཱ་ལ་ཏྲག་ཤད་ཆཾ་མོ་ཨུ་ཙ་ཏྲ་ཡ་ཕཊ་ཏྲག་ཤད་ཆཾ་མོ་ཡང་ཡང་ཧེད་ཧེད་ལི་ཙ་རྦད་ཏྲག་ཤད་ཆཾ་མོ་ཡ་ཙཀྲ་དཀྱིལ་དཀྱིལ་ཧཱུྃ་ཐ་ཅེས་པ་འབྲུ་གསུམ་དང་དམར་པོ་གསུམ་གྱི་ཁུ་བ་བྲིས་པ། པྲ་ཚིལ་དགྲ་བོའི་ཟག་རྫས་ཀྱིས་བྲིས་ལ་ལག་ཏུ་གཏད་ཕག་གི་ཀོ་བའི་གྲུར་བཅུག་སྟེ། ཉིན་སྲིབ་ཀྱི་མདའ་གཞུ་བྲིས་པའི་ཁར་བཞག་ལ། སྐར་མ་ཁ་སྦྱོར་དུ་གོང་གི་སྔགས་བསྒྲང་སྟེ། ཕྱི་ཡུག་མའི་འབྲུས་དང་དཀར་ཐུན་གྱི་བྲབ་ནས། ཉི་དཀྱིལ་ཆུར་སྐྱུར་ན་ཡུལ་འབྱིན་པར་འགྱུར་རོ། །འདི་རྣམས་བཀའ་སྡོད་ཀྱི་ལས་སྦྱོར་དུ་སྣང་བས། བཙུན་པ་དགེ་ལེགས་དཔལ་བཟང་པོའི་དག་པར་བྱས་སོ།།