Difference between revisions of "Yal ga 'chugs med lam khyer rnam gsum gyi rdo rje'i tshig rkang"

From Shangpa Resource Center

(2 intermediate revisions by the same user not shown)
Line 8: Line 8:

|Author=Niguma, Lendarma Lodrö

|Author=Niguma, Lendarma Lodrö

|Associated Person=Khyungpo Neljor

|Associated Person=Khyungpo Neljor
|BDRC link=[https://www.tbrc.org/#library_work_ViewByOutline-O01DG1049095087%7CW23922 BDRC W23922]
[https://www.tbrc.org/#library_work_ViewByOutline-O3CN17353CN18462%7CW3CN766 BDRC W3CN766]
[https://www.tbrc.org/#library_work_ViewByOutline-o20877C2O0244%7CW23605 BDRC W23605]
[https://www.tbrc.org/#!rid=W4CZ58783 BDRC W4CZ58783 (p.303 alt. version+333)]
[https://www.tbrc.org/#!rid=W3CN18508 BDRC W3CN18508 (v2p.252)]
[https://www.tbrc.org/#!rid=W8LS16295 BDRC W8LS16295 (p.19+509)]
[https://www.tbrc.org/#library_work_ViewByOutline-O4CZ3470804CZ354222%7CW8LS32723 BDRC W8LS32723]
[https://www.tbrc.org/#library_work_ViewInWIndow-W22103%7C0253%7C57%7C1%7C1%7C740 BDRC W22103 (p.222 alt. version)]

[https://www.tbrc.org/#library_work_ViewByOutline-O2MS163914CZ189475%7CW1PD95844 BDRC W1PD95844]
[https://www.tbrc.org/#library_work_ViewByOutline-O3CN17353CN18462%7CW3CN766 BDRC W3CN766]
[https://www.tbrc.org/#library_work_ViewByOutline-o20877C2O0244%7CW23605 BDRC W23605]
[https://www.tbrc.org/#!rid=W4CZ58783 BDRC W4CZ58783 (p.303 alt. version+333)]
[https://www.tbrc.org/#!rid=W3CN18508 BDRC W3CN18508 (v2p.252)]
[https://www.tbrc.org/#!rid=W8LS16295 BDRC W8LS16295 (p.19+509)]
[https://www.tbrc.org/#library_work_ViewByOutline-O4CZ3470804CZ354222%7CW8LS32723 BDRC W8LS32723]
[https://www.tbrc.org/#library_work_ViewInWIndow-W22103%7C0253%7C57%7C1%7C1%7C740 BDRC W22103 (p.222 alt. version)]
|Notes=Translated in english in the book ''Lady of illusion''

|Notes=Source-text concerning Mahamudra. Translated in english in the book ''Lady of illusion'' p. 155

༈ ཡལ་ག་འཆུགས་མེད་ལམ་ཁྱེར་རྣམ་གསུམ་གྱི་རྡོ་རྗེའི་ཚིག་རྐང་བཞུགས་སོ།

རྒྱ་གར་སྐད་དུ། མཱ་རྒ་ཀཪྻ་ཏྲི་ངྷརྨཿནཱ་མ། ༼དྷ་ན་དྷ་རྨ་ཏྲ་ཡ་ན་མ།༽
བོད་སྐད་དུ། ལམ་ཁྱེར་གྱི་ཆོས་གསུམ་ཞེས་བྱ་བ།
དཔལ་སྐུ་གསུམ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ།
།གང་གིས་བླ་མ་མཆོག་བསྟེན་དབང་ཐོབ་པས། །དབེན་པར་གནས་ཤིང་འཇིག་རྟེན་བློས་བཏང་ནས། །ལམ་མཆོག་འདི་ལ་རྩེ་གཅིག་འབད་གྱུར་ན། །ལོ་ཟླས་ལྷུན་གྲུབ་རྣམ་གསུམ་འགྲུབ་པར་འགྱུར།
།འདི་ལྟར་སྣང་བ་སྣ་ཚོགས་ལ། །བརྟེན་ནས་བླ་མ་ཡི་དམ་དང་། །སྒྱུ་མ་བདེ་སྟོང་གསལ་བར་ནི། །ལམ་ཁྱེར་སྐུ་གསུམ་རང་ཤར་འབྱུང་།
།བློ་ལྡན་མི་རྟག་སྐྱོ་ཤས་དང་། །བྱང་ཆུབ་སེམས་མཆོག་སྔོན་འགྲོ་བས།
།རང་ལུས་ཡི་དམ་སྤྱི་གཙུག་ཏུ། །བླ་མའི་རྣལ་འབྱོར་རྫོགས་བྱས་ནས། །མཁའ་མཉམ་འགྲོ་ཀུན་ཐབས་ཅིག་ཏུ། །སྙིང་རྗེས་ཀུན་བླང་གསོལ་བ་གདབ།
།དེ་ཡིས་མོས་གུས་སྐྱེས་པ་དང་། །སྣང་བ་སྣ་ཚོགས་ཐམས་ཅད་ཀུན། །རིམ་གྱིས་བླ་མར་བལྟ་བར་བྱ། །སྤྱོད་ལམ་རྣམ་བཞི་ཐམས་ཅད་དུ། །བསམ་པ་ཐམས་ཅད་ཡོངས་སྤངས་ནས། །འབྲལ་མེད་བླ་མར་ལམ་ཁྱེར་བས། །ཅིར་སྣང་བླ་མར་འཆར་བར་འགྱུར། །བླ་མའི་ལམ་ཁྱེར་མཆོག་ཡིན་ནོ།
།དེ་ལྟར་བརྟན་པར་གྱུར་པ་དང་། །བླ་མ་དམ་པ་འདི་ཉིད་ཀྱིས། །བཟོད་དཀའི་རྒྱ་མཚོ་ཆེ་ལས་བསྒྲལ། །གྲངས་མེད་མི་འཐོབ་ཚེ་འདིར་འཐོབ། །དྲིན་བསམ་འབྲལ་མེད་གསོལ་བ་གདབ། །ཕྱག་སོགས་བདུན་པོ་རྣམ་དག་བྱ། །སྒྲ་རྣམས་གྲགས་སྟོང་བླ་མའི་གསུང་། །དྲན་རྟོག་ཐུགས་སུ་ལམ་ཁྱེར་བྱ། །བླ་མའི་སྐུ་གསུམ་ལམ་ཁྱེར་རོ།
།དེ་ལྟར་ཁྱད་འཕགས་ལམ་ཁྱེར་དེས། །ཉིན་མཚན་མཉམ་རྗེས་ཐམས་ཅད་དུ། །ཅིར་སྣང་ཐམས་ཅད་བླ་མར་ཤེས། །བླ་མ་དེ་ཉིད་རང་གི་སེམས། །སེམས་དང་བླ་མ་དབྱེར་མེད་པའི། །གསལ་སྟོང་བདེ་ཆེན་རང་ཤར་འབྱུང་།
།དེ་ནས་ཡི་དམ་ལམ་ཁྱེར་བཤད།
།ཐ་མལ་ཞེན་པ་ཟློག་པའི་ཕྱིར། །རང་ལུས་སྣང་སྟོང་སྒྱུ་མའི་སྐུ། །གསལ་ལ་རྟོག་པ་མེད་པར་བསྒོམ། །དེ་ནས་ཆགས་སྡང་རྨོངས་གསུམ་ཡུལ། །ཕྱི་རོལ་གཟུགས་སྣང་སྣ་ཚོགས་ཀུན། །རིམ་གྱིས་ལྷ་ཡི་སྐུར་ཤེས་བྱ། །དེ་ལ་དད་ཅིང་གུས་ལྡན་པས། །ཕྱག་ལ་སོགས་པ་གོང་བཞིན་ནོ།
།ཅིར་སྣང་ལྷ་སྐུ་སྒྱུ་མར་ཤེས། །ལྷ་སྐུ་དེ་ཉིད་རང་གི་སེམས། །སེམས་དང་ལྷ་སྐུ་དབྱེར་མེད་པའི། །གསལ་སྟོང་བདེ་ཆེན་ལྷ་སྐུ་དེ། །སྐུ་གསུམ་ལམ་ཁྱེར་ཉིད་དུ་བཤད།
།བསམ་པ་ཐམས་ཅད་ཡོངས་སྤངས་ནས། །འབྲལ་མེད་ལྷ་སྐུ་ཟླ་དྲུག་གིས། །སྐྱེ་བ་འདི་འམ་བར་མ་དོར། །རྒྱལ་བ་ལོངས་སྐུ་འཐོབ་པར་འགྱུར།
།སྣང་བའི་ཆ་ལ་བསྐྱེད་རིམ་དང་། །སྟོང་པའི་ཆ་ལ་རྫོགས་རིམ་སྟེ། །བསྐྱེད་རྫོགས་མ་ཡིན་ཆོས་འགའ་མེད། །ཟུང་འཇུག་ཚུལ་འདི་བསྟན་པ་འོ།
།རང་དང་སྣང་བ་ལྷར་བལྟས་ནས། །སྒྲ་རྣམས་གྲགས་ཚད་སྔགས་སུ་བལྟ། །སྒྲ་རྣམས་གྲགས་སྟོང་རང་བཞིན་མེད། །སྒྲར་གསལ་ཡེ་ཤེས་སྟོང་པའི་དབྱིངས། །དབྱེར་མེད་ཤེས་པས་གྲོལ་འགྱུར་ཏེ། །གང་འདུལ་སྤྲུལ་སྐུ་འཐོབ་པར་འགྱུར།
།དྲན་རྟོག་ལམ་ཁྱེར་བཤད་ཀྱིས་ཉོན། །དུས་གསུམ་མ་འགགས་རང་ཤར་ལ། །མ་ཡེངས་འཛིན་མེད་སྐུ་གསུམ་དུ། །ཤེས་པས་གྲོལ་གྱུར་ཐེ་ཚོམ་མེད།
།ཡང་ན་དུག་གསུམ་ལྟ་སྟངས་ཀྱིས། །རང་བཞིན་མེད་འགྱུར་ཆོས་སྐུ་ཐོབ།
།དེ་ནས་སྒྱུ་མའི་ལམ་ཁྱེར་བཤད། །འདི་ལྟར་རྨི་ལམ་སྣ་ཚོགས་དཔེས། །སྣང་བ་སེམས་སུ་གཏན་ལ་དབབ། །སེམས་ནི་སྒྱུ་མ་རྨི་ལམ་སྟེ།
།བཟུང་སྦྱང་སྤེལ་སྤྲུལ་བསྒྱུར་བ་རྣམས། །ཉིན་པར་སྤྱོད་ལམ་ཐམས་ཅད་དུ། །བསམ་པ་ཐམས་ཅད་ཡོངས་སྤངས་ནས། །གཉིད་ལོག་འདུན་པས་ཉམས་བླངས་པས། །རྨི་ལམ་དུས་སུ་རང་ཤར་འབྱུང་།
།སྒྱུ་འཛིན་བྲལ་བའི་འོད་གསལ་ནི། །མོས་གུས་ལྟ་སྟངས་སྟོབས་ལས་འཆར། །བདེ་གསལ་མི་རྟོག་བརྗོད་བྲལ་བའི། །སྐུ་གསུམ་དབྱེར་མེད་བདེ་ཆེན་ནི། །ཉིན་མཚན་ཀུན་ཏུ་རང་ཤར་འབྱུང་། །འོད་གསལ་ཕྱག་རྒྱ་ཆེན་པོ་འབྱུང་།
།མདོར་ན་དམ་པའི་མོས་གུས་དང་། །རང་ལུས་སྣང་སྟོང་ལྷ་སྐུར་བལྟ། །ངག་གི་བཟླས་བརྗོད་གྲགས་སྟོང་སྟེ། །སེམས་ཀྱི་དྲན་རྟོག་དེར་འཛིན་བྲལ། །དེ་ལྟར་རྩེ་གཅིག་ཉམས་བླངས་ན། །ལོ་ཟླས་འབྲས་བུ་མངོན་དུ་འགྱུར། །གསང་སྔགས་མངོན་སུམ་ལམ་པ་སྟེ། །ཀུན་ལས་མཆོག་ཏུ་གྱུར་པའོ།
།ཁྱད་འཕགས་ལམ་ཁྱེར་གྱི་ཆོས་གསུམ་ཞེས་བྱ་བ། [[Niguma|ཡེ་ཤེས་ཀྱི་ཌཱ་ཀི་མ]]ས་མཛད་པ་རྫོགས་སོ།། །།
[[Lendarma Lodrö|ལོ་ཙཱ་བ་གླན་དར་མ་བློ་གྲོས་]]ཀྱིས་བསྒྱུར་བའོ།
།ཌཱ་ཀི་མ་དེ་ཉིད་ལ་གསེར་སྲང་ལྔ་བརྒྱ་ཕུལ་ནས་ཞུས་ཏེ། བདག་[[Khyungpo Neljor|ཁྱུང་པོ་རྣལ་འབྱོར་]]པས་ཉམས་སུ་མྱོང་བར་བྱས་པའོ།། །།

Alt. version from W4CZ58783 p.303:
༈ འཆུག་མེད་ལམ་ཁྱེར་རྡོ་རྗེའི་ཚིག་རྐང་།

རྒྱ་གར་སྐད་དུ། དྷ་ན་དྷརྨཱ་ཏྲ་ཡཱ་ན་མཱ།

།གང་གིས་བླ་མ་མཆོག་རྟེན་དབང་ཐོབ་པས། །དབེན་པར་གནས་ཤིང་འཇིག་རྟེན་བློས་བཏང་ནས། །ལམ་མཆོག་འདི་ལ་རྩེ་གཅིག་འབད་གྱུར་ན། །ལོ་ཟླས་ལྷུན་གྲུབ་རྣམ་གསུམ་ཐོབ་པར་འགྱུར།
།འདི་ལྟར་སྣང་བ་སྣ་ཚོགས་ལ། །བརྟེན་ནས་བླ་མ་ཡི་དམ་དང་། །སྒྱུ་མ་བདེ་སྟོང་གསལ་བར་ནི། །ལམ་ཁྱེར་རྣམ་གསུམ་རང་ཤར་འབྱུང་།
།སྒྱུ་མ་འོད་གསལ་ལམ་འཁྱེར་བས། །འབྲས་བུ་སྐུ་གསུམ་རང་ཤར་འབྱུང། །བློ་ལྡན་མི་རྟག་སྐྱོ་ཤས་དང་། །སྙིང་རྗེ་སེམས་མཆོག་སྔོན་སོང་བས།
།རང་ལུས་ཡི་དམ་སྤྱི་གཙུག་ཏུ། །བླ་མའི་རྣལ་འབྱོར་རྫོགས་བྱས་ལ། །མཁའ་མཉམ་འགྲོ་ཀུན་ཐབས་ཅིག་ཏུ།༼བདག་གི་གསོལ་བ་གདབ་པ་བཞིན།༽ །སྙིང་རྗེས་ཀུན་བླངས་གསོལ་བ་གདབ།
།དེ་ཡིས་མོས་གུས་སྐྱེས་པ་དང་། །སྣང་བ་ཐམས་ཅད་བླ་མར་བལྟ། །སྤྱོད་ལམ་རྣམ་བཞི་ཐམས་ཅད་དུ། །བསམ་པ་ཐམས་ཅད་ཡོངས་སྤངས་ནས། ༼ཐོག་མར་རྩ་བའི་བླ་མ་ལ་མོས་གུས་སྙིང་ཐག་པ་ནས་སྐྱེད་ཅིང་། མཐར་ཅིར་སྣང་བླ་མའི་རྣམ་འཕྲུལ་དུ་ཤེས་པས་གསོལ་བ་གདབ་པོ།༽ །ཇི་ལྟར་འདུག་ཀྱང་བླ་མ་ཡི།༼ཆགས་སྡང་རྨོངས་གསུམ་གང་གིས་སྒྱུར་ཀྱང་།༽ །སྣང་བ་དག་དང་མི་འབྲལ་བྱ།༼ཐམས་ཅད་བླ་མའི་བྱིན་རླབས་སུ་ཤེས་པས།༽ །དེ་ཡི་སྣང་སྲིད་བླ་མར་འཆར། །བླ་མའི་ལམ་ཁྱེར་མཆོག་ཡིན་ནོ།
།དེ་བརྟན་པ་དང་འདྲེན་པ་འདིས། །གཟོད་དཀའི་རྒྱ་མཚོ་ཆེ་ལས་སྒྲལ། །གྲངས་མེད་ཚེ་འདིས་སྒྲོད་མཛད་པའི། །དྲིན་བསམ་འབྲལ་མེད་གསོལ་བ་གདབ། །རྣམ་དག་བདུན་བྱ་སྣང་གྲག་རིག །བླ་མའི་སྐུ་གསུང་ཐུགས་སུ་རྟག
།དེ་ལྟར་ཁྱད་འཕགས་ལམ་ཁྱེར་དེས། །ཉིན་མཚན་མཉམ་རྗེས་ཐམས་ཅད་དུ། །ཅིར་སྣང་ཐམས་ཅད་བླ་མར་ཤེས། །བླ་མ་དེ་ཉིད་རང་གི་སེམས། །སྣང་སེམས་བླ་མར་དབྱེར་མེད་པའི། །གསལ་སྟོང་བདེན་མེད་རང་ཤར་འབྱུང་།
།དེ་ནས་ཡི་དམ་ལམ་ཁྱེར་བཤད།
།ཐ་མལ་ཞེན་པ་བཤིག་པའི་ཕྱིར།༼རང་གཞན་ཡེ་ནས་ཡི་དམ་ཡིན་པས།༽ །རང་ལུས་སྣང་སྟོང་སྒྱུ་མའི་སྐུ། །གསལ་ལ་རྟོག་པ་མེད་པར་སྒོམ། །ཕྱི་རོལ་ཆགས་སྡང་རྨོངས་གསུམ་ཡུལ། །སྣ་ཚོགས་རིམས་ཀྱིས་ལྷ་སྐུར་བལྟ། །དེ་ལ་གུས་པས་བདུན་པོ་དག
།ཅིར་སྣང་ལྷ་སྐུ་སྒྱུ་མར་ཤེས། །སེམས་སྣང་ལྷ་སྐུ་དབྱེར་མེད་པའི། །གསལ་སྟོང་བདེན་མེད་གཟུགས་སྐུ་དེ། །འབྲས་བུ་སྐུ་གསུམ་རང་ཤར་བ། །དེ་ལྟར་སྤྱོད་ལམ་ཐམས་ཅད་དུ།
།འབྲལ་མེད་གཟུགས་སྐུ་ཟླ་དྲུག་གིས།༼སྣང་བ་སེམས། སེམས་ལྷ་སྐུ། ལྷ་སྐུ་སྒྱུ་མ། གཟུགས་སྣང་ལྷ། སྒྲ་གྲགས་པ་སྔགས། དྲན་རྟོགས་ཐུགས། ཆགས་སྡང་རང་གྲོལ།༽ །སྐྱེ་བ་འདི་འམ་བར་མ་དོར། །རྒྱལ་བ་ལོངས་སྐུ་ཐོབ་པར་འགྱུར།
།སྣང་སྟོང་ཆ་ལས་བསྐྱེད་རྫོགས་གཉིས། །དེ་གཉིས་མ་ཡིན་ཆོས་འགའ་མེད། །ཟུང་འཇུག་ཚུལ་འདི་བསྟན་པ་འོ།
།དེ་ནས་སྒྲ་རྣམས་སྔགས་སུ་བལྟ། །སྔགས་ནི་དྲག་སྟོང་རང་བཞིན་མེད།༼སྣང་བ་ཐམས་ཅད་སྐུ་བསྐྱེད་རིམས། དྲན་པ་ཐམས་ཅད་གསུང་སྐྱེད་རིམས། དྲན་རྟོགས་ཐམས་ཅད་སྣང་སྟོང་། གསལ་སྟོང་བདེ་སྟོང་་་་་བསྐྱེད་རིམས་རེ། དེས་འདྲེ་་་་རྫོགས་རིམས་་་་་་། དབྱེར་མེད་ཀྱི་ཚུམ་ཤེས་པར་བྱའོ།༽ །སྒྲར་གསལ་ཡེ་ཤེས་སྟོང་པ་དབྱིངས། །དབྱེར་མེད་གང་འདུལ་སྤྲུལ་སྐུར་འཆར། །རང་བཞིན་སྐྱེ་མེད་དྲན་རྟོག་ཐུགས། །གསལ་གསུམ་སྐུ་གསུམ་དབྱེར་མེད་དོ།
།དེ་ནས་སྒྱུ་མ་ལམ་ཁྱེར་བཤད། །འདི་ལྟར་རྨི་ལམ་སྣ་ཚོགས་དཔེ། །སྣང་བ་སེམས་སུ་གཏན་ལ་དབབ། །སེམས་ནི་སྒྱུ་མ་རྨི་ལམ་ཏེ།
།གཟུང་སྦྱང་སྤེལ་སྤྲུལ་སྒྱུར་བ་རྣམས།༼ཉིན་བར་ཐམས་ཅད་རྨི་ལམ་ཡིན་སྙམ་དུ་སྦྱངས་པས། ཆགས་སྡང་རང་གྲོལ་དང་། མཚན་བར་རང་ཤར་དུ་འབྱུང་ངོ་།༽ །ཉིན་བར་བསམ་པ་གཞན་སྤངས་ནས། །གཉིད་ལོག་འདུན་པས་ཉམས་བླངས་པས། །རྨི་ལམ་དུས་སུ་རང་ཤར་འབྱུང་།
།སྒྱུ་འཛིན་བྲལ་བའི་འོད་གསལ་ནི། །མོས་གུས་བལྟ་སྟངས་རླུང་ལས་འཆར། །བདེ་གསལ་མི་རྟོག་བརྗོད་བྲལ་བའི། །སྐུ་གསུམ་དབྱེར་མེད་བདེན་མེད་ནི། །ཉིན་མཚན་ཀུན་ཏུ་རང་ཤར་འབྱུང་། །འོད་གསལ་ཕྱག་རྒྱ་ཆེན་པོའོ།༼ཉིན་མཚན་གཉིས་ཀ་སྒྱུ་མ་ཙམ་དུ་མ་ཞེན་པས།༽
།མདོར་ན་མོས་གུས་རང་ལུས་ལྷ། །ངག་བཟླས་དྲན་རྟོག་དེར་འཛིན་བྲལ། །ཟླ་དྲུག་འབྲས་བུ་མངོན་དུ་འགྱུར། །གསང་སྔགས་མངོན་སུམ་ལམ་པ་ཡིན། །ལམ་ཁྱེར་རྣམ་རྣལ་འབྱོར་གྲོགས་སུ་སྟན། །སྟོང་་་་་་་རྡོ་རྗེའི་རྒྱའི་གདབ་པར་བྱ།
།ཁྱད་འཕགས་ལམ་ཁྱེར་གྱི་ཆོས་གསུམ་ཞེས་བྱ་བ། ཡེ་ཤེས་ཀྱི་ཌཱཀི་མ་ནི་གུ་མས་མཛད་པ་རྫོགས་སོ།
།ལོཙྪ་བ་གླན་དར་མ་བློ་གྲོས་ཀྱིས་སྒྱུར་ཞིང་། བདག་ཁྱུང་པོ་རྣལ་འབྱོར་པས་གསེར་སྲང་ལྔ་བརྒྱ་ཕུལ་ནས་ཞུས་ཏེ། ཉམས་སུ་མྱོང་བར་བྱས་པའོ། །སེམས་ཐམས་ཅད་ཟུང་འཇུག་བདེ་བ་ཆེན་པོ་ལ་སྤྱོད་པར་གྱུར་ཅིག།

འདི་ལ་ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་སོགས། སྔོན་འགྲོའི་ཆོས་སྔོན་དུ་སོང་བས། རང་ཡི་དམ་གྱི་སྤྱི་བོར་བླ་མ་སྒོམས་ལ་གསོལ་བ་གཏབ། དེའི་འོད་ཟེར་གྱིས་སྡང་བ་ཐམས་ཅད་བླ་མའི་རྣམ་འཕྲུལ། ཡི་དམ་དུ་གསལ། དེ་ཡང་སྒྱུ་མ་རྨི་ལམ། སྣང་ལ་རང་བཞིན་མེད་པ། འོད་གསལ་ཕྱག་རྒྱ་ཆེན་པོ་ལ་བཞུག་གོ །རྗེས་བསྔོ་བས་རྒྱས་ཐེབས་པར་བྱས་ཏེ། གདན་ཐོག་གཅིག་ཏུ་ཉམས་སུ་ལེན་པའོ།
།འདིའི་བཀའ་ནི་ཕྱག་ཆེན་དང་འཚུངས། ཁྱད་པར་མོས་གུས་དང་། ལྷ་སྐུ་དང་། སྒྱུ་མ་རྨི་ལམ་གྱི་དྲན་པ་དང་བཅས་པ་ལེན་ནོ།
།འདི་ཌཱ་ཀིའི་སྙིང་ཁྲག་ཆིག་རྒྱུད་ཡིན་པས། གཞན་ལ་མི་སྤེལ་ལོ། མཾགལཾ།

Latest revision as of 11:14, 15 December 2023

Resource ID SCv6p196
Title yal ga 'chugs med lam khyer rnam gsum gyi rdo rje'i tshig rkang
Alt. title dhana dharma traya
mārga kārya tridharmaḥ
lam khyer gyi chos gsum
Topics Integration
Sub-Topics Vajra verses
Author Niguma, Lendarma Lodrö
Associated Person Khyungpo Neljor
Link BDRC W23922
BDRC W1PD95844
BDRC W3CN766
BDRC W23605
BDRC W4CZ58783 (p.303 alt. version+333)
BDRC W3CN18508 (v2p.252)
BDRC W8LS16295 (p.19+509)
BDRC W8LS32723
BDRC W22103 (p.222 alt. version)
Notes Source-text concerning Mahamudra. Translated in english in the book Lady of illusion p. 155

༈ ཡལ་ག་འཆུགས་མེད་ལམ་ཁྱེར་རྣམ་གསུམ་གྱི་རྡོ་རྗེའི་ཚིག་རྐང་བཞུགས་སོ།

རྒྱ་གར་སྐད་དུ། མཱ་རྒ་ཀཪྻ་ཏྲི་ངྷརྨཿནཱ་མ། ༼དྷ་ན་དྷ་རྨ་ཏྲ་ཡ་ན་མ།༽
བོད་སྐད་དུ། ལམ་ཁྱེར་གྱི་ཆོས་གསུམ་ཞེས་བྱ་བ།
དཔལ་སྐུ་གསུམ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ།
།གང་གིས་བླ་མ་མཆོག་བསྟེན་དབང་ཐོབ་པས། །དབེན་པར་གནས་ཤིང་འཇིག་རྟེན་བློས་བཏང་ནས། །ལམ་མཆོག་འདི་ལ་རྩེ་གཅིག་འབད་གྱུར་ན། །ལོ་ཟླས་ལྷུན་གྲུབ་རྣམ་གསུམ་འགྲུབ་པར་འགྱུར།
།འདི་ལྟར་སྣང་བ་སྣ་ཚོགས་ལ། །བརྟེན་ནས་བླ་མ་ཡི་དམ་དང་། །སྒྱུ་མ་བདེ་སྟོང་གསལ་བར་ནི། །ལམ་ཁྱེར་སྐུ་གསུམ་རང་ཤར་འབྱུང་།
།བློ་ལྡན་མི་རྟག་སྐྱོ་ཤས་དང་། །བྱང་ཆུབ་སེམས་མཆོག་སྔོན་འགྲོ་བས།
།རང་ལུས་ཡི་དམ་སྤྱི་གཙུག་ཏུ། །བླ་མའི་རྣལ་འབྱོར་རྫོགས་བྱས་ནས། །མཁའ་མཉམ་འགྲོ་ཀུན་ཐབས་ཅིག་ཏུ། །སྙིང་རྗེས་ཀུན་བླང་གསོལ་བ་གདབ།
།དེ་ཡིས་མོས་གུས་སྐྱེས་པ་དང་། །སྣང་བ་སྣ་ཚོགས་ཐམས་ཅད་ཀུན། །རིམ་གྱིས་བླ་མར་བལྟ་བར་བྱ། །སྤྱོད་ལམ་རྣམ་བཞི་ཐམས་ཅད་དུ། །བསམ་པ་ཐམས་ཅད་ཡོངས་སྤངས་ནས། །འབྲལ་མེད་བླ་མར་ལམ་ཁྱེར་བས། །ཅིར་སྣང་བླ་མར་འཆར་བར་འགྱུར། །བླ་མའི་ལམ་ཁྱེར་མཆོག་ཡིན་ནོ།
།དེ་ལྟར་བརྟན་པར་གྱུར་པ་དང་། །བླ་མ་དམ་པ་འདི་ཉིད་ཀྱིས། །བཟོད་དཀའི་རྒྱ་མཚོ་ཆེ་ལས་བསྒྲལ། །གྲངས་མེད་མི་འཐོབ་ཚེ་འདིར་འཐོབ། །དྲིན་བསམ་འབྲལ་མེད་གསོལ་བ་གདབ། །ཕྱག་སོགས་བདུན་པོ་རྣམ་དག་བྱ། །སྒྲ་རྣམས་གྲགས་སྟོང་བླ་མའི་གསུང་། །དྲན་རྟོག་ཐུགས་སུ་ལམ་ཁྱེར་བྱ། །བླ་མའི་སྐུ་གསུམ་ལམ་ཁྱེར་རོ།
།དེ་ལྟར་ཁྱད་འཕགས་ལམ་ཁྱེར་དེས། །ཉིན་མཚན་མཉམ་རྗེས་ཐམས་ཅད་དུ། །ཅིར་སྣང་ཐམས་ཅད་བླ་མར་ཤེས། །བླ་མ་དེ་ཉིད་རང་གི་སེམས། །སེམས་དང་བླ་མ་དབྱེར་མེད་པའི། །གསལ་སྟོང་བདེ་ཆེན་རང་ཤར་འབྱུང་།
།དེ་ནས་ཡི་དམ་ལམ་ཁྱེར་བཤད།
།ཐ་མལ་ཞེན་པ་ཟློག་པའི་ཕྱིར། །རང་ལུས་སྣང་སྟོང་སྒྱུ་མའི་སྐུ། །གསལ་ལ་རྟོག་པ་མེད་པར་བསྒོམ། །དེ་ནས་ཆགས་སྡང་རྨོངས་གསུམ་ཡུལ། །ཕྱི་རོལ་གཟུགས་སྣང་སྣ་ཚོགས་ཀུན། །རིམ་གྱིས་ལྷ་ཡི་སྐུར་ཤེས་བྱ། །དེ་ལ་དད་ཅིང་གུས་ལྡན་པས། །ཕྱག་ལ་སོགས་པ་གོང་བཞིན་ནོ།
།ཅིར་སྣང་ལྷ་སྐུ་སྒྱུ་མར་ཤེས། །ལྷ་སྐུ་དེ་ཉིད་རང་གི་སེམས། །སེམས་དང་ལྷ་སྐུ་དབྱེར་མེད་པའི། །གསལ་སྟོང་བདེ་ཆེན་ལྷ་སྐུ་དེ། །སྐུ་གསུམ་ལམ་ཁྱེར་ཉིད་དུ་བཤད།
།བསམ་པ་ཐམས་ཅད་ཡོངས་སྤངས་ནས། །འབྲལ་མེད་ལྷ་སྐུ་ཟླ་དྲུག་གིས། །སྐྱེ་བ་འདི་འམ་བར་མ་དོར། །རྒྱལ་བ་ལོངས་སྐུ་འཐོབ་པར་འགྱུར།
།སྣང་བའི་ཆ་ལ་བསྐྱེད་རིམ་དང་། །སྟོང་པའི་ཆ་ལ་རྫོགས་རིམ་སྟེ། །བསྐྱེད་རྫོགས་མ་ཡིན་ཆོས་འགའ་མེད། །ཟུང་འཇུག་ཚུལ་འདི་བསྟན་པ་འོ།
།རང་དང་སྣང་བ་ལྷར་བལྟས་ནས། །སྒྲ་རྣམས་གྲགས་ཚད་སྔགས་སུ་བལྟ། །སྒྲ་རྣམས་གྲགས་སྟོང་རང་བཞིན་མེད། །སྒྲར་གསལ་ཡེ་ཤེས་སྟོང་པའི་དབྱིངས། །དབྱེར་མེད་ཤེས་པས་གྲོལ་འགྱུར་ཏེ། །གང་འདུལ་སྤྲུལ་སྐུ་འཐོབ་པར་འགྱུར།
།དྲན་རྟོག་ལམ་ཁྱེར་བཤད་ཀྱིས་ཉོན། །དུས་གསུམ་མ་འགགས་རང་ཤར་ལ། །མ་ཡེངས་འཛིན་མེད་སྐུ་གསུམ་དུ། །ཤེས་པས་གྲོལ་གྱུར་ཐེ་ཚོམ་མེད།
།ཡང་ན་དུག་གསུམ་ལྟ་སྟངས་ཀྱིས། །རང་བཞིན་མེད་འགྱུར་ཆོས་སྐུ་ཐོབ།
།དེ་ནས་སྒྱུ་མའི་ལམ་ཁྱེར་བཤད། །འདི་ལྟར་རྨི་ལམ་སྣ་ཚོགས་དཔེས། །སྣང་བ་སེམས་སུ་གཏན་ལ་དབབ། །སེམས་ནི་སྒྱུ་མ་རྨི་ལམ་སྟེ།
།བཟུང་སྦྱང་སྤེལ་སྤྲུལ་བསྒྱུར་བ་རྣམས། །ཉིན་པར་སྤྱོད་ལམ་ཐམས་ཅད་དུ། །བསམ་པ་ཐམས་ཅད་ཡོངས་སྤངས་ནས། །གཉིད་ལོག་འདུན་པས་ཉམས་བླངས་པས། །རྨི་ལམ་དུས་སུ་རང་ཤར་འབྱུང་།
།སྒྱུ་འཛིན་བྲལ་བའི་འོད་གསལ་ནི། །མོས་གུས་ལྟ་སྟངས་སྟོབས་ལས་འཆར། །བདེ་གསལ་མི་རྟོག་བརྗོད་བྲལ་བའི། །སྐུ་གསུམ་དབྱེར་མེད་བདེ་ཆེན་ནི། །ཉིན་མཚན་ཀུན་ཏུ་རང་ཤར་འབྱུང་། །འོད་གསལ་ཕྱག་རྒྱ་ཆེན་པོ་འབྱུང་།
།མདོར་ན་དམ་པའི་མོས་གུས་དང་། །རང་ལུས་སྣང་སྟོང་ལྷ་སྐུར་བལྟ། །ངག་གི་བཟླས་བརྗོད་གྲགས་སྟོང་སྟེ། །སེམས་ཀྱི་དྲན་རྟོག་དེར་འཛིན་བྲལ། །དེ་ལྟར་རྩེ་གཅིག་ཉམས་བླངས་ན། །ལོ་ཟླས་འབྲས་བུ་མངོན་དུ་འགྱུར། །གསང་སྔགས་མངོན་སུམ་ལམ་པ་སྟེ། །ཀུན་ལས་མཆོག་ཏུ་གྱུར་པའོ།
།ཁྱད་འཕགས་ལམ་ཁྱེར་གྱི་ཆོས་གསུམ་ཞེས་བྱ་བ། ཡེ་ཤེས་ཀྱི་ཌཱ་ཀི་མས་མཛད་པ་རྫོགས་སོ།། །།
ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བའོ།
།ཌཱ་ཀི་མ་དེ་ཉིད་ལ་གསེར་སྲང་ལྔ་བརྒྱ་ཕུལ་ནས་ཞུས་ཏེ། བདག་ཁྱུང་པོ་རྣལ་འབྱོར་པས་ཉམས་སུ་མྱོང་བར་བྱས་པའོ།། །།