Difference between revisions of "Rab gnas bka' rgya ma 3"

From Shangpa Resource Center
Line 1: Line 1:
 
{{Text
 
{{Text
|Text ID=BB250
+
|Text ID=BB251
 
|Tibetan Title=རབ་གནས་བཀའ་རྒྱ་མ།
 
|Tibetan Title=རབ་གནས་བཀའ་རྒྱ་མ།
 
|Wylie Title=rab gnas bka' rgya ma
 
|Wylie Title=rab gnas bka' rgya ma

Revision as of 08:26, 29 July 2025








Resource ID BB251
Title rab gnas bka' rgya ma
Topics Chadrupa
Sub-Topics Consecration
Author Sangyé Tönpa
Associated Person Nenyingpa Aï Sengé
Notes Almost same text as dpal mgon po'i rab gnas bsam 'phel yid bzhin nor bu

TO INPUT
རབ་གནས་བཀའ་རྒྱ་མ་བཞུགས་སོ།

།བླ་མ་དུས་གསུམ་སངས་རྒྱས་ཀྱི། །འཕྲིན་ལས་དྲི་མེད་རྒྱས་མཛད་ནས། །བྱིན་བརླབས་ཐུགས་རྗེ་ཚད་མེད་ཀྱི། །རྒྱུན་ཆད་མེད་པར་བྱིན་གྱིས་རློབས། །བར་ཆད་ཐམས་ཅད་ཞི་བ་དང་། །དངོས་གྲུབ་རྣམས་གཉིས་ཐོབ་བྱའི་ཕྱིར། །བསམ་འཕེལ་ནོར་བུ་ལྟ་བུའི། །རབ་གནས་བླ་མའི་གསུང་བཞིན་བྲི། །དཔལ་མགོན་པོའི་རབ་གནས་འདི་ལ་སྦྱོར་དངོས་རྗེས་དང་གསུམ་ལས།
དང་པོ་མི་སོ་མ་གྲིབ་ཅན་ཐམས་ཅད་རྩར་མི་བཞག །་་་
།དེ་དྲིན་བསམ་གྱིན་ཆེ་བའི་ཕྱིར། །རྒྱུན་ཆད་མེད་པར་གསོལ་བ་འདེབས། །བླ་མ་མགོན་པོ་དབྱེར་མེད་ཀྱི། །ཐུགས་མཉེས་བསྟན་པ་རྒྱས་བྱེད་ཤོག།
།།མགོན་པོའི་རབ་གནས་བསམས་འཕེལ་ཡིད་བཞིན་ནོར་བུ་ཞེས་བྱ་བ། ཆོས་རྗེ་སྟོན་པའི་གསུངས་བཞིན། ཨའི་སེངས་འགེས་བཀོད་པའོ།

༈ ཕྱིར་རབ་གནས་གང་བྱེད་ཀྱང་སྔོན་དུ་བསྙེན་པ་འདིའ་གལ་ཆེ་གསུང་ངོ་། །རང་རྗེ་བཙུན་མར་བསྐྱེད། མེ་ཏོག་རྣམས་ཀྱང་སྒྲོལ་མར་བསྐྱེད་ལ། ་་་
བསྙེན་པ་བྱ། འཐོར་ཙ་ན་ཡང་དེ་བཞིན་དུ་བྱ་གསུང་ངོ་། །མེ་ཏོག་གི་ཞལ་གདམས་བླ་མའི་གསུངས་བཞིན་ཡི་གེར་བཀོད་པའོ།། ཨྀཐི།།

༈ བླ་མའི་སྐུ་འབག་ལ་རབ་གནས་བྱེད་པའི་ཚེ། སྔོན་འགྲོ་གཞན་དང་ཁྱད་མེད། དངོས་གཞིའ་བླ་མའི་སྐུ་འབག་དེ་བླ་མའི་ཐུགས་དམ་གང་བྱེད་དུ་བསྐྱེད་ལ་ཡེ་ཤེས་པ་བསྟིམས། སྐུ་གསུངས་ཐུགས་བྱིན་གྱིས་བརླབས། དབང་བསྐུར་རྒྱས་གདབ། སྤྱན་དབྱེའ་བ་ལ་སོགས་པའི་གནད་ཁྱད་མེད། ལོངས་སྐུ་ཡིན་ན་སྐྲ་ཤད་བསྟོད་པ་ལ་སོགས་པ་བྱས་ལ། ་་་
སྐུ་འབག་གི་རབ་གནས་བླ་མའི་གསུངས་བཞིན་བཀོད་པའོ།།

༈ རབ་གནས་ཀྱི་མེ་ཏོག་འཐོར་བའི་དུས་སུ། །རང་སྒྲོལ་མ་ལྗང་སེར་དུ་བསམས་པ་ནི། སྒྲོལ་མ་ལས་ཀྱི་ལྷ་ཡིན་ལ། སྐུ་མདོག་ལྗང་སེར་གྱིས་རྒྱས་པའི་ལས་འགྲུབ་པ་ཡིན། ན་མོ་བྷུད་དྷ་ཡའི་གསོལ་བ་འདེབས་ཀྱིན་མེ་ཏོག་འཐོར་བའོ། །་་་
བཀའ་རྒྱ་མའི་ཞལ་གདམས།། ཨྀཐི།།