Difference between revisions of "Rus pa'i lte ba'i tsakra grong khyer dkrugs pa dang lus ngag yid gsum nan pa rnams kyi zhal shes be'u bum nag po'i snying po chags pa rnam gsum gyi man ngag rtags kyi rim pa shog dril nag po'i man ngag rnams"
| (4 intermediate revisions by the same user not shown) | |||
| Line 2: | Line 2: | ||
|Text ID=SCv11p903 | |Text ID=SCv11p903 | ||
|Tibetan Title=རུས་པའི་ལྟེ་བའི་ཙཀྲ་གྲོང་ཁྱེར་དཀྲུགས་པ་དང་ལུས་ངག་ཡིད་གསུམ་མནན་པ་རྣམས་ཀྱི་ཞལ་ཤེས་བེའུ་བུམ་ནག་པོའི་སྙིང་པོ་ཆགས་པ་རྣམ་གསུམ་གྱི་མན་ངག་རྟགས་ཀྱི་རིམ་པ་ཤོག་དྲིལ་ནག་པོའི་མན་ངག་རྣམས། | |Tibetan Title=རུས་པའི་ལྟེ་བའི་ཙཀྲ་གྲོང་ཁྱེར་དཀྲུགས་པ་དང་ལུས་ངག་ཡིད་གསུམ་མནན་པ་རྣམས་ཀྱི་ཞལ་ཤེས་བེའུ་བུམ་ནག་པོའི་སྙིང་པོ་ཆགས་པ་རྣམ་གསུམ་གྱི་མན་ངག་རྟགས་ཀྱི་རིམ་པ་ཤོག་དྲིལ་ནག་པོའི་མན་ངག་རྣམས། | ||
| − | |Wylie Title= | + | |Wylie Title=ru pa'i lte ba'i tsakra grong khyer dkrugs pa dang lus ngag yid gsum dbab pa rnams kyis zhal shes be'u bum nag po'i snying po / chags pa rnam gsum gyi man ngag / rtags kyi rim pa shog dril nag po'i man ngag rnams |
|Subject=Chadrupa | |Subject=Chadrupa | ||
|SubTopics=Various | |SubTopics=Various | ||
| Line 8: | Line 8: | ||
|Associated Person=Khyungpo Neljor | |Associated Person=Khyungpo Neljor | ||
|BDRC link=[https://www.tbrc.org/#library_work_ViewByOutline-O01DG1049095460%7CW23922 BDRC W23922]
[http://purl.bdrc.io/resource/WA00KG09215 WA00KG09215 (p.365)] | |BDRC link=[https://www.tbrc.org/#library_work_ViewByOutline-O01DG1049095460%7CW23922 BDRC W23922]
[http://purl.bdrc.io/resource/WA00KG09215 WA00KG09215 (p.365)] | ||
| + | |Notes=In "scroll 9". | ||

| − | ༈ རུ་པའི་ལྟེ་བའི་ཙཀྲ་གྲོང་ཁྱེར་དཀྲུགས་པ་དང་ལུས་ངག་ཡིད་གསུམ་དབབ་པ་རྣམས་ཀྱིས་ཞལ་ཤེས་བེའུ་བུམ་ནག་པོའི་སྙིང་པོ། ཆགས་པ་རྣམ་གསུམ་གྱི་མན་ངག །རྟགས་ཀྱི་རིམ་པ་ཤོག་དྲིལ་ནག་པོའི་མན་ངག་རྣམས་བཞུགས་སོ།།
༼སེ༽ མ་ཧཱ་ཀཱ་ལ་ན་མོ།
བེ་བུམ་ནག་པོའི་སྙིང་པོ་འདི། །ཤིན་ཏུ་བརྣག་པས་གབ་པ་སྟེ། །བསྟན་དགྲ་བསྒྲལ་ཕྱིར་བཤད་པར་བྱ། །གཏོར་མའི་ལས་ལ་བརྣག་པ་ཡིས། །མན་ངག་འདི་ནི་ཤེས་ཕྱིར་བྲིས། །རུ་པའི་ལྟོ་བར་ཙཀྲ་ནི། །རི་མཉམ་ཕྱེད་སྒོ་སོགས་ཐོག་ལ། །ས་བོན་རྩ་སྔགས་རྩིབས་ཐུན་བཀོད། །ལྟེ་བར་ཎི་ལ་སོ་བར་མིང་། །ཕྱི་རོལ་ཙཀྲ་རྩིབས་ལྔ་ལ། །འཁོར་དང་ལྷ་མོའི་ས་བོན་སྔགས། །ཡི་གེ་ལྔ་ཡི་གོང་དུ་མིང་། །གཞུག་ལ་ཕྱི་རོལ་ཤཱ་སཱ་ན། །བར་སྐབས་མིང་གཞུག་ཤེས་པར་བྱ། །ཡི་གེ་བཞི་ཡིས་གཟེར་ཆེན་གདབ། །གྲོང་ཁྱེར་དཀྲུག་པའི་ལས་སྦྱོར་ལ། །གྲོང་ཁྱེར་དབུས་སུ་རྒྱལ་བློན་གྱིས། །གཟུགས་ཀྱི་སྙིང་གར་ཡི་གེ་གཞུག །ལེགས་པར་བྲིས་ལ་བཅུག་པ་སྟེ། །རླུང་གི་ས་བོན་མཚལ་གྱི་བྲིས། རཱུ་པ་རྣམས་ཀྱི་རྒྱན་སྟབས་སུ། །གྲི་ལྕགས་སྙུ་གུས་བྱི་ལ་དང་། །བྱི་བ་ར་ཁྱི་དཀར་ནག་ཁྲག །འུག་པ་བྱ་རོག་ཁྲག་དང་སྦྱར། །ནུབ་བྱང་མཚམས་སུ་ཁ་བསྟན་ལ། །ཨ་ཀྵ་ཡ་ཙཀྲ་ཕྱེ། བི་དྷི་ཤ་ཡ་ར་ཀྲ་ར་ཀྲ་ཡ། ཕྱེ་ཕྱེ། ཤིག་ཤིག །དེ་བྲིས་རང་གི་དྲི་མ་དང་། ཁ་རླངས་སྤངས་ཏེ་སོར་བཞིར་སྟེབས། ཁ་སྦྱོར་དབྱེ་བ་གཞུང་བཞིན་བྱེད། །ལུས་ནི་དབབ་པའི་མན་ངག་ལ། །རྟ་རྐྱང་དྲེལ་གསུམ་ཁྲག་ལ་ནི། །སྤྱང་ཀི་དོམ་དྲེད་ཁྲག་ཀྱང་བསྲེ། །ཁྲ་དང་བྱ་རོག་ཁྱི་ཡི་བྲུན། །དགུག་གཞུག་དང་བསྟུན་བྱུགས་པ་ཅེས། །ངག་ནི་དབབས་པའི་མན་ངག་ལ། །བུད་མེད་རིགས་ནི་མི་གཅིག་པ། །གསུམ་གྱི་ཁུ་བས་གསང་གནས་བྱུགས། ཁ་ལས་མངར་གསུམ་སྲིད་ཅེས་བྲི། །མྱོས་བྱེད་ཁུ་བས་བུ་ག་བྱུགས། །ཡིད་ནས་དབབ་པའི་མན་ངག་ལ། །ཞིང་ཁང་ནོར་གྱི་རྫས་རྣམས་བྱུགས། །བྱ་སྦྲུལ་ཕག་གི་ཤ་ཡང་ཤེས། །ལུས་ངག་ཡིད་ཀྱི་དབབ་པ་འདི། །མངོན་སྤྱོད་གཏོར་ཆེན་ཞལ་ཤེས་ཏེ། །[[Khyungpo Neljor|ཁྱུང་པོ]]འི་གསུང་གི་མཐར་ཐུག་གོ །
༈ ཆགས་པ་རྣམ་གསུམ་མན་ངག་ལ། །ལུས་ནི་ཆགས་བྱེད་གོས་དང་དར། | + | ༈ རུ་པའི་ལྟེ་བའི་ཙཀྲ་གྲོང་ཁྱེར་དཀྲུགས་པ་དང་ལུས་ངག་ཡིད་གསུམ་དབབ་པ་རྣམས་ཀྱིས་ཞལ་ཤེས་བེའུ་བུམ་ནག་པོའི་སྙིང་པོ། ཆགས་པ་རྣམ་གསུམ་གྱི་མན་ངག །རྟགས་ཀྱི་རིམ་པ་ཤོག་དྲིལ་ནག་པོའི་མན་ངག་རྣམས་བཞུགས་སོ།།
༼སེ༽ མ་ཧཱ་ཀཱ་ལ་ན་མོ།
བེ་བུམ་ནག་པོའི་སྙིང་པོ་འདི། །ཤིན་ཏུ་བརྣག་པས་གབ་པ་སྟེ། །བསྟན་དགྲ་བསྒྲལ་ཕྱིར་བཤད་པར་བྱ། །གཏོར་མའི་ལས་ལ་བརྣག་པ་ཡིས། །མན་ངག་འདི་ནི་ཤེས་ཕྱིར་བྲིས། །རུ་པའི་ལྟོ་བར་ཙཀྲ་ནི། །རི་མཉམ་ཕྱེད་སྒོ་སོགས་ཐོག་ལ། །ས་བོན་རྩ་སྔགས་རྩིབས་ཐུན་བཀོད། །ལྟེ་བར་ཎི་ལ་སོ་བར་མིང་། །ཕྱི་རོལ་ཙཀྲ་རྩིབས་ལྔ་ལ། །འཁོར་དང་ལྷ་མོའི་ས་བོན་སྔགས། །ཡི་གེ་ལྔ་ཡི་གོང་དུ་མིང་། །གཞུག་ལ་ཕྱི་རོལ་ཤཱ་སཱ་ན། །བར་སྐབས་མིང་གཞུག་ཤེས་པར་བྱ། །ཡི་གེ་བཞི་ཡིས་གཟེར་ཆེན་གདབ། །གྲོང་ཁྱེར་དཀྲུག་པའི་ལས་སྦྱོར་ལ། །གྲོང་ཁྱེར་དབུས་སུ་རྒྱལ་བློན་གྱིས། །གཟུགས་ཀྱི་སྙིང་གར་ཡི་གེ་གཞུག །ལེགས་པར་བྲིས་ལ་བཅུག་པ་སྟེ། །རླུང་གི་ས་བོན་མཚལ་གྱི་བྲིས། རཱུ་པ་རྣམས་ཀྱི་རྒྱན་སྟབས་སུ། །གྲི་ལྕགས་སྙུ་གུས་བྱི་ལ་དང་། །བྱི་བ་ར་ཁྱི་དཀར་ནག་ཁྲག །འུག་པ་བྱ་རོག་ཁྲག་དང་སྦྱར། །ནུབ་བྱང་མཚམས་སུ་ཁ་བསྟན་ལ། །ཨ་ཀྵ་ཡ་ཙཀྲ་ཕྱེ། བི་དྷི་ཤ་ཡ་ར་ཀྲ་ར་ཀྲ་ཡ། ཕྱེ་ཕྱེ། ཤིག་ཤིག །དེ་བྲིས་རང་གི་དྲི་མ་དང་། ཁ་རླངས་སྤངས་ཏེ་སོར་བཞིར་སྟེབས། ཁ་སྦྱོར་དབྱེ་བ་གཞུང་བཞིན་བྱེད། །ལུས་ནི་དབབ་པའི་མན་ངག་ལ། །རྟ་རྐྱང་དྲེལ་གསུམ་ཁྲག་ལ་ནི། །སྤྱང་ཀི་དོམ་དྲེད་ཁྲག་ཀྱང་བསྲེ། །ཁྲ་དང་བྱ་རོག་ཁྱི་ཡི་བྲུན། །དགུག་གཞུག་དང་བསྟུན་བྱུགས་པ་ཅེས། །ངག་ནི་དབབས་པའི་མན་ངག་ལ། །བུད་མེད་རིགས་ནི་མི་གཅིག་པ། །གསུམ་གྱི་ཁུ་བས་གསང་གནས་བྱུགས། ཁ་ལས་མངར་གསུམ་སྲིད་ཅེས་བྲི། །མྱོས་བྱེད་ཁུ་བས་བུ་ག་བྱུགས། །ཡིད་ནས་དབབ་པའི་མན་ངག་ལ། །ཞིང་ཁང་ནོར་གྱི་རྫས་རྣམས་བྱུགས། །བྱ་སྦྲུལ་ཕག་གི་ཤ་ཡང་ཤེས། །ལུས་ངག་ཡིད་ཀྱི་དབབ་པ་འདི། །མངོན་སྤྱོད་གཏོར་ཆེན་ཞལ་ཤེས་ཏེ། །[[Khyungpo Neljor|ཁྱུང་པོ]]འི་གསུང་གི་མཐར་ཐུག་གོ །
༈ ཆགས་པ་རྣམ་གསུམ་མན་ངག་ལ། །ལུས་ནི་ཆགས་བྱེད་གོས་དང་དར། །ཚ་བ་གསུམ་དང་ཡུངས་དཀར་བཅས། །རུ་སྦལ་རུས་པ་ཐལ་ཆེན་བྱུགས། །སྲིན་བྱ་ཏེ་ལོ་ཤ་ཡང་ཤེས། །ངག་ནི་ཆགས་བྱེད་མེ་ཏོག་དམར། །ཀ་ར་ཚིལ་ཆེན་ར་འོ་སྦྱར། །ཨདྨ་ཏྱེ་ར་ཛ་སྥ་ར་ཎ་ཁཾ། །འདི་བྲིས་ཁ་ཡི་སྟེང་དུ་མནན། །ཡིད་ནི་ཆགས་བྱེད་གསེར་དང་དངུལ། །བྱི་རུ་དུང་དང་སྦྱར་ནས་སུ། །ཐི་ར་ཨདྨ་མུ་ནི་ཁཾ། །ཀྲ་བཾ་རིལ་ཛ་གསུམ། འདི་བྲིས་སྙིང་གར་མནན་ནས་སུ། ཁ་སྦྱོར་དབྱེ་བ་བྱེད་པ་ཡིན། །དུ་བས་བདུག་པའི་རྫས་ལ་ནི། །སྔགས་ལ་དབང་ཐོབ་དམ་ཚིག་ཉམས། །མི་མེད་མཛེ་ཅན་སྡོམས་པ་ཤོར། །དྲི་ཆེན་གྲུཾ་ཁྱི་ར་སྦྲེ་དང་། །མུ་ཟི་དཀར་ནག་རོ་སེལ་ལ། །སྲེག་ཚེ་དུ་བ་འཛེམས་པ་གཅེས།
།མང་ཐོས་[[Gelek Pelsang|དགེ་ལེགས་དཔལ་བཟང་]]གིས། །མཁས་གྲུབ་གོང་མའི་མན་ངག་ལ། །ལྷད་ཞུགས་བསལ་ནས་དག་པར་བྱས།
༈ རྟགས་ཀྱི་རིམ་པ་འདི་ལྟ་སྟེ། དམག་གི་བརྩོན་ནི་བཟུང་བ་དང་། །བྱིའུ་ཁྲ་ཡི་དེད་པ་དང་། །སྲིན་པོ་དངོས་སུ་འགྲོ་བ་རྣམས། །གཞན་གྱིས་དེད་པས་རང་ལ་སྐྱབས། །དེ་ལྟར་རྟགས་ནི་བྱུང་བ་དང་། ཁ་སྦྱོར་དབྱེ་བ་བྱེད་པ་ན། །འོད་ཟེར་རང་ལ་ཐིམ་པ་དང་། །དུད་འགྲོ་སྐྱབས་དང་བྲལ་བ་དང་། །གཅེར་མོར་འགྲོ་བའི་སྣང་བ་འབྱུང་། །དེ་ནས་གཏོར་ཆེན་ལས་ལ་འཇུག །ཤོག་དྲིལ་ནག་པོའི་མན་ངག་རྫོགས་སོ། །ཨྀཐིཿ ས་མ་ཡ། |
Latest revision as of 11:37, 28 August 2025
| Resource ID | SCv11p903 |

| Title | ru pa'i lte ba'i tsakra grong khyer dkrugs pa dang lus ngag yid gsum dbab pa rnams kyis zhal shes be'u bum nag po'i snying po / chags pa rnam gsum gyi man ngag / rtags kyi rim pa shog dril nag po'i man ngag rnams |
| Topics | Chadrupa |
| Sub-Topics | Various |
| Author | Gelek Pelsang |
| Associated Person | Khyungpo Neljor |
| Link | BDRC W23922 WA00KG09215 (p.365) |
| Notes | In "scroll 9". |
༈ རུ་པའི་ལྟེ་བའི་ཙཀྲ་གྲོང་ཁྱེར་དཀྲུགས་པ་དང་ལུས་ངག་ཡིད་གསུམ་དབབ་པ་རྣམས་ཀྱིས་ཞལ་ཤེས་བེའུ་བུམ་ནག་པོའི་སྙིང་པོ། ཆགས་པ་རྣམ་གསུམ་གྱི་མན་ངག །རྟགས་ཀྱི་རིམ་པ་ཤོག་དྲིལ་ནག་པོའི་མན་ངག་རྣམས་བཞུགས་སོ།།
༼སེ༽ མ་ཧཱ་ཀཱ་ལ་ན་མོ།
བེ་བུམ་ནག་པོའི་སྙིང་པོ་འདི། །ཤིན་ཏུ་བརྣག་པས་གབ་པ་སྟེ། །བསྟན་དགྲ་བསྒྲལ་ཕྱིར་བཤད་པར་བྱ། །གཏོར་མའི་ལས་ལ་བརྣག་པ་ཡིས། །མན་ངག་འདི་ནི་ཤེས་ཕྱིར་བྲིས། །རུ་པའི་ལྟོ་བར་ཙཀྲ་ནི། །རི་མཉམ་ཕྱེད་སྒོ་སོགས་ཐོག་ལ། །ས་བོན་རྩ་སྔགས་རྩིབས་ཐུན་བཀོད། །ལྟེ་བར་ཎི་ལ་སོ་བར་མིང་། །ཕྱི་རོལ་ཙཀྲ་རྩིབས་ལྔ་ལ། །འཁོར་དང་ལྷ་མོའི་ས་བོན་སྔགས། །ཡི་གེ་ལྔ་ཡི་གོང་དུ་མིང་། །གཞུག་ལ་ཕྱི་རོལ་ཤཱ་སཱ་ན། །བར་སྐབས་མིང་གཞུག་ཤེས་པར་བྱ། །ཡི་གེ་བཞི་ཡིས་གཟེར་ཆེན་གདབ། །གྲོང་ཁྱེར་དཀྲུག་པའི་ལས་སྦྱོར་ལ། །གྲོང་ཁྱེར་དབུས་སུ་རྒྱལ་བློན་གྱིས། །གཟུགས་ཀྱི་སྙིང་གར་ཡི་གེ་གཞུག །ལེགས་པར་བྲིས་ལ་བཅུག་པ་སྟེ། །རླུང་གི་ས་བོན་མཚལ་གྱི་བྲིས། རཱུ་པ་རྣམས་ཀྱི་རྒྱན་སྟབས་སུ། །གྲི་ལྕགས་སྙུ་གུས་བྱི་ལ་དང་། །བྱི་བ་ར་ཁྱི་དཀར་ནག་ཁྲག །འུག་པ་བྱ་རོག་ཁྲག་དང་སྦྱར། །ནུབ་བྱང་མཚམས་སུ་ཁ་བསྟན་ལ། །ཨ་ཀྵ་ཡ་ཙཀྲ་ཕྱེ། བི་དྷི་ཤ་ཡ་ར་ཀྲ་ར་ཀྲ་ཡ། ཕྱེ་ཕྱེ། ཤིག་ཤིག །དེ་བྲིས་རང་གི་དྲི་མ་དང་། ཁ་རླངས་སྤངས་ཏེ་སོར་བཞིར་སྟེབས། ཁ་སྦྱོར་དབྱེ་བ་གཞུང་བཞིན་བྱེད། །ལུས་ནི་དབབ་པའི་མན་ངག་ལ། །རྟ་རྐྱང་དྲེལ་གསུམ་ཁྲག་ལ་ནི། །སྤྱང་ཀི་དོམ་དྲེད་ཁྲག་ཀྱང་བསྲེ། །ཁྲ་དང་བྱ་རོག་ཁྱི་ཡི་བྲུན། །དགུག་གཞུག་དང་བསྟུན་བྱུགས་པ་ཅེས། །ངག་ནི་དབབས་པའི་མན་ངག་ལ། །བུད་མེད་རིགས་ནི་མི་གཅིག་པ། །གསུམ་གྱི་ཁུ་བས་གསང་གནས་བྱུགས། ཁ་ལས་མངར་གསུམ་སྲིད་ཅེས་བྲི། །མྱོས་བྱེད་ཁུ་བས་བུ་ག་བྱུགས། །ཡིད་ནས་དབབ་པའི་མན་ངག་ལ། །ཞིང་ཁང་ནོར་གྱི་རྫས་རྣམས་བྱུགས། །བྱ་སྦྲུལ་ཕག་གི་ཤ་ཡང་ཤེས། །ལུས་ངག་ཡིད་ཀྱི་དབབ་པ་འདི། །མངོན་སྤྱོད་གཏོར་ཆེན་ཞལ་ཤེས་ཏེ། །ཁྱུང་པོའི་གསུང་གི་མཐར་ཐུག་གོ །
༈ ཆགས་པ་རྣམ་གསུམ་མན་ངག་ལ། །ལུས་ནི་ཆགས་བྱེད་གོས་དང་དར། །ཚ་བ་གསུམ་དང་ཡུངས་དཀར་བཅས། །རུ་སྦལ་རུས་པ་ཐལ་ཆེན་བྱུགས། །སྲིན་བྱ་ཏེ་ལོ་ཤ་ཡང་ཤེས། །ངག་ནི་ཆགས་བྱེད་མེ་ཏོག་དམར། །ཀ་ར་ཚིལ་ཆེན་ར་འོ་སྦྱར། །ཨདྨ་ཏྱེ་ར་ཛ་སྥ་ར་ཎ་ཁཾ། །འདི་བྲིས་ཁ་ཡི་སྟེང་དུ་མནན། །ཡིད་ནི་ཆགས་བྱེད་གསེར་དང་དངུལ། །བྱི་རུ་དུང་དང་སྦྱར་ནས་སུ། །ཐི་ར་ཨདྨ་མུ་ནི་ཁཾ། །ཀྲ་བཾ་རིལ་ཛ་གསུམ། འདི་བྲིས་སྙིང་གར་མནན་ནས་སུ། ཁ་སྦྱོར་དབྱེ་བ་བྱེད་པ་ཡིན། །དུ་བས་བདུག་པའི་རྫས་ལ་ནི། །སྔགས་ལ་དབང་ཐོབ་དམ་ཚིག་ཉམས། །མི་མེད་མཛེ་ཅན་སྡོམས་པ་ཤོར། །དྲི་ཆེན་གྲུཾ་ཁྱི་ར་སྦྲེ་དང་། །མུ་ཟི་དཀར་ནག་རོ་སེལ་ལ། །སྲེག་ཚེ་དུ་བ་འཛེམས་པ་གཅེས།
།མང་ཐོས་དགེ་ལེགས་དཔལ་བཟང་གིས། །མཁས་གྲུབ་གོང་མའི་མན་ངག་ལ། །ལྷད་ཞུགས་བསལ་ནས་དག་པར་བྱས།
༈ རྟགས་ཀྱི་རིམ་པ་འདི་ལྟ་སྟེ། དམག་གི་བརྩོན་ནི་བཟུང་བ་དང་། །བྱིའུ་ཁྲ་ཡི་དེད་པ་དང་། །སྲིན་པོ་དངོས་སུ་འགྲོ་བ་རྣམས། །གཞན་གྱིས་དེད་པས་རང་ལ་སྐྱབས། །དེ་ལྟར་རྟགས་ནི་བྱུང་བ་དང་། ཁ་སྦྱོར་དབྱེ་བ་བྱེད་པ་ན། །འོད་ཟེར་རང་ལ་ཐིམ་པ་དང་། །དུད་འགྲོ་སྐྱབས་དང་བྲལ་བ་དང་། །གཅེར་མོར་འགྲོ་བའི་སྣང་བ་འབྱུང་། །དེ་ནས་གཏོར་ཆེན་ལས་ལ་འཇུག །ཤོག་དྲིལ་ནག་པོའི་མན་ངག་རྫོགས་སོ། །ཨྀཐིཿ ས་མ་ཡ།