Dpal 'khor lo sdom pa myur du sgrub pa'i lag len

From Shangpa Resource Center








Resource ID CN33
Title dpal 'khor lo sdom pa myur du sgrub pa'i lag len
Topics Chakrasamvara
Sub-Topics Secret sadhana
Associated Person Niguma
Khyungpo Neljor
Bodong Cholé Namgyel
Link BDRC W22103 (p.235)
Notes Linked to dpal 'khor lo sdom pa myur du sgrub pa'i thabs

This text needs to be re-read
ཨོཾ་སྭསྟི། དཔལ་འཁོར་ལོ་སྡོམ་པ་མྱུར་དུ་སྒྲུབ་པའི་ལག་ལེན་ནི།
སྐྱབས་འགྲོ་སེམས་སྐྱེད་བྱས་ནས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྒོམ་པའི་ངང་ལས་རང་ཉིད་ལྷར་གསོལ་བའི་སྤྱི་བོ་དང་། མགྲིན་པ་དང་། སྙིང་ཁ་གསུམ་དུ་ཧཱུྃ་དཀར་དམར་མཐིང་གསུམ་ལས་འཁོར་ལོ་རྩིབས་བཞི་དཀར་དམར་མཐིང་གསུམ་དུ་གྱུར་པའི་ལྟེ་བ་ལ། པད་མ་དང་། ཉི་ཟླ། འཇིགས་བྱེད་དང་། དུས་མཚན་གྱི་སྟེང་དུ་ཧཱུྃ་དཀར་དམར་མཐིང་གསུམ་དང་། བཾ་དམར་མོ་གསུམ་ཟུང་འཇུག་དུ་ཡོད་པ་ལས་འོད་ཟེར་འཕྲོས། སྲིད་གསུམ་གྱི་སེམས་ཅན་ཐམས་ཅད་བདེ་མཆོག་གི་གོ་འཕང་ལ་བཀོད། འོད་ཟེར་ཚུར་འདུས་པས་ཧཱུྃ་དང་བཾ་རྣམས་ཁ་དོག་དེ་མཚུངས་ཀྱི་བདེ་མཆོག་ཡབ་ཡུམ་དུ་གྱུར། ཡེ་ཤེས་མེ་འབར་བའི་དབུས་ན་བརྒྱན་དང་ཆ་ལུགས་གཞུང་བཞིན་གསལ་བར་སྒོམ། ཡབ་ཡུམ་རྣམས་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས། བྱང་ཆུབ་ཀྱི་སེམས་དཀར་དམར་མཐིང་གསུམ་ལ་དམར་བའི་མར་པ་ཆགས་པའི་ཆུ་རྒྱུན་བབས་གནས་གསུམ་གྱི་འཁོར་ལོའི་རྩིབས་ལ་པད་ཟླའི་སྟེང་དུ་བདེ་ཆེན་གྱི་ལྷ་མོ་འཁོར་ལོའི་ཁ་དོག་དང་མཚུངས་པའི་ཞལ་གཅིག་ཕྱག་གཡས་གྲི་གུག་གཡོན་ཐོད་ཁྲག་གང་བ་སྣམས་པ། ཁཊྭཱཾ་ཀ་དང་སྙོམས་འཇུག་བྱས་པའི་གསང་གནས་་་་་་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གཙོ་བོ་ཡབ་ཡུམ་བཞིན་དུ་བབས། རང་གི་སྤྱི་བོའི་གཙུག་ཏུ་གཅིག་དུ་གྱུར། གནས་བཞིར་བབས་པས་ལུས་ངག་ཡིད་གསུམ་གྱི་ནད་གདོན་སྡིག་སྒྲིབ་དག་གསུམ་གྱི་བག་ཆགས་འགལ་འཁྲུལ་ཐམས་ཅད་ཐལ་བའི་རི་བོ་མ་ཆུ་བོའི་རྒྱུན་ཕོག་པ་བཞིན་བཀྲུ། སྤྱི་བོ། མགྲིན་པ། སྙིང་ཁ་རྣམས་བདུད་རྩིས་ཁེངས་པས་དབང་གསུམ་གྱི་རྟོགས་པ་སྐྱེད། བཞི་པ་ཞལ་ལས་ཤེས་སོ། གནས་གསུམ་གྱི་འཁོར་ལོ་མེ་འབར་བཞིན་པ། རླུང་གི་ཤུགས་ཀྱིས་རྣོ་ངར་ལྡན་པ་མྱུར་དུ་འཁོར་བས་ནད་གདོན་ཐམས་ཅད་གཏུབས། མེས་སྲེགས། རླུང་གིས་གཏོར་བར་བསམ། ༼ ༽དེའི་ངང་༼ ༽ནས་མ་ཡེངས་པར་གསང་སྔགས་རྒྱལ་པོ་བཟླས་པར་བྱ་སྟེ། སྔགས་ཀྱི་ཁ་དོག་ནི་ཡབ་དང་འཐུན་པའམ། ཡང་ན་ལས་བཞི་སྒྲུབ་པའི་ཁྱད་པར་ཤེས་པར་བྱའོ། །ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་པཊ། ཅེས་སོ།
།གཏི་མུག་ཚད་ནད་ཞི་བ་ལ། །སྤྱི་གཙུག་སྐུ་ཡི་འཁོར་ལོ་སྐོར། །དབང་དང་འདོད་ཆགས་གྲང་ནད་ལ། །མགྲིན་པ་གསུང་གི་འཁོར་ལོ་བསྐོར། །གནོད་བགེགས་ཞེ་སྡང་བད་ཀན་ལ། །སྙིང་ཁ་ཐུགས་ཀྱི་འཁོར་ལོ་བསྐོར། །སྦོད་གཏོང་ངན་པ་བཟློག་པ་ལ། །ས་བོན་ལྕགས་ཀྱུ་ཞགས་པ་ཡིས། །གནོད་བྱེད་བཀུག་ལ་འཁོར་ལོས་བསྟུབས། །མེས་བསྲེག་རླུང་གིས་གཏོར་བར་བྱ། །ལྷ་རྣམས་ཞལ་ནི་ཕྱིར་བསྟན་ལ། །སྙིང་པོའི་རྗེས་སུ་མཱ་ར་ཡ། །བཏགས་ལ་བཟླས་པས་དམ་ཉམས་བསྒྲོལ། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ལ། །སྙེན་པ་འབུལ་ཕྲག་གསུམ་གསུམ་ཟླ། ཕན་ཡོན་གཞུང་བཞིན་ཤེས་པར་བྱ། ཨྀཐི།།