Gzhi lam 'bras bu'i rnam bzhag

From Shangpa Resource Center








༈ གཞི་ལམ་འབྲས་བུའི་རྣམ་བཞག་བཞུགས་སོ།།

།གཞི་ལམ་འབྲས་བུ་གསུམ་ནི། གཞི་དབང་བཞི་རྫོགས་པ། ལམ་བསྐྱེད་རྫོགས་ཟུང་འཇུག །འབྲས་བུ་སྐུ་གསུམ་བདེ་ཆེན། ཕྲིན་ལས་ལྷུན་གྲུབ་ཕྱོགས་མེད་རང་ཤར་རོ།
།གནད་དྲུག་ནི། ཐབས་ལམ་རྩོལ་བའི་གནད། སྒྱུ་ལུས་བདེ་ཆེན་གྱི་གནད། རྨི་ལམ་འདུན་པའི་གནད། འོད་གསལ་མོས་གུས་ཀྱི་གནད། འཕོ་བ་དམིགས་པ་རྩེ་གཅིག་གི་གནད། བར་དོ་སྐྱོ་ཤས་ཀྱི་གནད་དོ།
གེགས་དྲུག་ནི་༼ཆོས་དྲུག་གི༽། ཐབས་ལམ་ལ་དྲེད་༼རྩོལ་བ་༽། སྒྱུ་ལུས་ལ་འཐས་༼བདེན་ཞེན་དུ་༽། རྨི་ལམ་ལ་འབྱམས་༼གཉིས་སུ་གོལ་༽། འོད་གསལ་༼མོས་གུས་༽ལ་བརྡུག འཕོ་བ་ལ་འཕྲོས་༼རྟོག་པ་སྣ་ཚོགས་༽། བར་དོ་ལ་༼ཐ་མ་ལ་དུ་༽འཁྲུལ་བའོ།
ལྟ་སྒོམ་སྤྱོད་འབྲས་ནི། ལྟ་བ་ཕྱོགས་མེད་མཐའ་བྲལ། སྒོམ་པ་གསལ་སྟོང་འཛིན་མེད། དམ་ཚིག་རང་སེམས་རྣམ་དག །སྤྱོད་པ་བླང་དོར་རང་གྲོལ། འབྲས་བུ་སྐུ་གསུམ་རང་ཤར། ཕྲིན་ལས་ཕྱོགས་མེད་ལྷུན་གྲུབ་བོ།
།ཡང་གཞི་ལམ་འབྲས་གསུམ་ནི། བྱིན་རླབས་དབང་གི་གཞི། གཏུམ་མོ་ལམ་གྱི་བོགས་འདོན། རྨི་ལམ་ལམ་གྱི་ཚོད་འཛིན། འོད་གསལ་འབྲས་བུ་འཆར་བའོ།
།གཞི་ལམ་འབྲས་བུའི་སྐུ་གསུམ་ནི། གཞི་སྐུ་གསུམ་རང་གནས། ལམ་སྐུ་གསུམ་ལམ་ཁྱེར། འབྲས་བུ་སྐུ་གསུམ་མངོན་གྱུར། ཕྲིན་ལས་ལྷུན་གྲུབ་ཕྱོགས་མེད་དོ།
།ཌཱ་ཀི་མས་སེང་ལྡེང་ནགས་ཀྱི་ནམ་མཁའ་ནས་གསུངས་པ་རྫོགས་སོ།
W8LS16295: ༼ཟུང་འཇུག་སྒྱུ་མའི་སྐྱེས་བུ་ལ། །གཉིས་མེད་ལམ་འཁྱེར་མདའ་ཡིས་བསྣུན། །རང་འཛིན་ཞེན་པའི་དོན་ལ་ཕོག །ཁྱབ་གདལ་ངང་དུ་ཤི་ནས་སོང་། །དེ་ཕྱིར་གཉིས་འཛིན་སྐྱེ་རྒྱུད་ཆེད། ཨྀཐི།༽
Lineage from BDRC W3CN766 and W8LS16295: ༼རྡོ་རྗེ་འཆང་གིས་ནི་གུ་མ་ལ་གསུངས། དེས་ཁྱུང་པོ་རྣལ་འབྱོར་ལ། དེས་རྨོག་ལྕོག་པ། དེས་སྐྱེར་སྒང་པ་ལ། དེས་སངས་རྒྱས་སྙན་སྟོན་ལ། དེས་སངས་རྒྱས་སྟོན་པ་ལ། དེས་ཤངས་སྟོན་ལ། དེས་ཡོན་ཏན་རྒྱ་མཚོ་ལ། དེས་བྱམས་པ་དཔལ་བ། དེས་བློ་གྲོས་གསལ་བ་ལ། དེས་ཀུན་དགའ་དཔལ་བཟང་ལ། དེས་རྩ་བའི་བླ་མ་མཁས་གྲུབ་དཀོན་མཆོག་ལེགས་པ་ལ། དེས་བདག་ལའོ།༽

Annotated version from BDRC W1KG4284 p. 627
༈ གཞི་ལམ་འབྲས་གསུམ་ནི། གཞི་དབང་བཞི་རྫོགས། ལམ་བསྐྱེད་རྫོགས་ཟུང་འཇུག །འབྲས་བུ་སྐུ་བདེ་ཆེན་འཕྲིན་ལས་ལྷུན་གྲུབ་ཕྱོགས་མེད་རང་ཤར་རོ།
།གནད་དྲུག་༼ཆོས་དྲུག་༽ནི། ཐབས་ལམ་རྩོལ་བའི་གནད། སྒྱུ་ལུས་བདེན་མེད་ཀྱི་གནད། རྨི་ལམ་འདུན་པའི་གནད། འོད་གསལ་མོས་གུས་ཀྱི་གནད། འཕོ་བ་དམིགས་པ་རྩེ་གཅིག་གི་གནད། བར་དོ་སྐྱོ་ཤས་ཀྱི་གནད་དོ།
གེགས་དྲུག་༼ཆོས་དྲུག་༽ནི། ཐབས་ལམ་དྲོད༼རྩོལ་བ་ཆུང་བ༽། སྒྱུ་ལུས་ལ་འཐས༼དེ་བཞིན་དུ༽། རྨི་ལམ་ལ་འབྱམས༼གཅིག་གཉིས་སུ་གོལ་བ༽། འོད་གསལ་བརྡུགས༼མོས་གུས་ཆུང་བ༽། འཕོ་བ་༼རྟོག་པ་སྣ་ཚོགས་སུ༽ལ་འཕྲོས། བར་དོ་ལ་འཁྲུལ་པའོ༼ཐ་མལ་དུ་༽
ལྟ་བ། སྒོམ་པ། སྤྱོད་པ། འབྲས་བུ་ནི། ལྟ་བ་ཕྱོགས་མེད་མཐའ་བྲལ༼ཟུང་འཇུག༽། བསྒོམ་པ་གསལ་༼སྟོང་གསལ་བདེ་ཆེན་༽སྟོང་འཛིན་མེད། དམ་ཚིག་རང་སེམས་རྣམ་དག །སྤྱོད་པ་བླང་དོར་རང་གྲོལ། འབྲས་བུ་སྐུ་གསུམ་རང་ཤར། ཕྲིན་ལས་ཕྱོགས་མེད་ལྷུན་གྲུབ་པའོ།
།ཡང་གཞི་ལམ་འབྲས་བུ་གསུམ་ནི། བྱིན་བརླབས་དབང་གཞི། གཏུམ་མོ་ལམ་གྱི་བོགས་འདོན། རྨི་ལམ་ལམ་གྱི་ཚོད་འཛིན། འོད་གསལ་འབྲས་བུར་འཆར་བའོ།
།གཞི་ལམ་འབྲས་བུ་སྐུ་གསུམ་ནི། གཞི་སྐུ་གསུམ་རང་ཤར། ལམ་སྐུ་གསུམ་ལམ་ཁྱེར། འབྲས་བུ་སྐུ་གསུམ་མངོན་གྱུར། ཕྲིན་ལས་ལྷུན་གྲུབ་ཕྱོགས་མེད་དོ།
།ཌཱ་ཀི་མས་སེང་ལྡེང་ནགས་ཀྱི་ནམ་མཁའ་ལ་གསུངས་སོ། །རྫོགས་སོ།
རྡོ་རྗེ་འཆང་གིས་ཌཱ་ཀི་ནེ་གུ་མ་ལ་གསུངས། དེས་ཁྱུང་པོ་རྣལ་འབྱོར་པ་ལ་གསུངས། དེས་སྨོག་ལྕོག་པ་ལ། དེས་སྐྱེར་སྒང་པ་ལ། དེས་སངས་རྒྱས་སྙན་སྟོན་ལ། དེས་སངས་རྒྱས་སྟོན་པ་ལ། དེས་ཤངས་སྟོན། དེས་མུས་པ་རྒྱལ་མཚན་དཔལ་ལ། དེས་རྒྱལ་བ་རིན་པོ་ཆེ་ལ། དེས་མཁས་གྲུབ་ནམ་མཁའི་རྣལ་འབྱོར་ལ། དེས་བདག་རྒྱལ་མཚན་བླ་མ་ལའོ།