Gsang ba las drug gi sgrub thabs

From Shangpa Resource Center
Revision as of 12:00, 13 September 2025 by Sengue (talk | contribs)








Resource ID BB224
Title gsang ba las drug gi sgrub thabs
Topics Chadrupa
Sub-Topics Sadhana
Associated Person Shavaripa

TO INPUT
ཕྱག་དྲུག་མགོན་པོའི་ཆོས་སྐོར་ལས། གསངས་བ་ལས་དྲུག་གི་བསྒྲུབས་ཐབས་བཞུགས་སོ།

དཔལ་རི་ཁྲོད་དབང་ཕྱུགས་དང་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ།
།དང་པོར་དཔལ་ལྡན་ཤ་བ་རི་པས། དུར་ཁྲོད་ཆེནཔོ་བསིལ་བའི་ཚལ་དུ། དཔལ་དགྱེས་པ་རྡོ་རྗེའི་བསྐྱེད་རྫོགས་ལ་བཞུགས་པའི་དུས་ན། སྲོད་ལ་སྒྲ་དྲག་པོ་གྲག །ས་གཡོས། ལྕེ་སྤྱང་རྣམས་བརྒྱལ་ཞིང་། སྡོང་པོ་ཀུན་འཆགས་པ་སྐད་ཟེར་བ་གཅིག་བྱུང་། ཐོ་རང་གཟིགས་པས་ཤིང་ཙནྡན་སྡོང་པོའི་སྟེངས་ན། ནག་པོ་ཆེན་པོ། ཁར་སར་པཱ་ཎ་མཁའ་སྤྱོད་མ་དང་༼གསུམ་༽ཞལ་དུས་གཅིག་ལ་གཟིགས། ལྷ་དེ་གསུམ་ཀས་རི་ཁྲོད་དབང་ཕྱུགས་ལ་བྱིན་གྱིས་བརླབས་ནས་ལུང་བསྟན་མཛད་དེ། ལྷ་དེ་གཅུམ་ལ་ཁོང་རང་གིས་ལུང་བསྟན་པའི་སྒྲུབ་ཐབས་རེ་ཡང་མཛད་དོ། །འདི་ནི་ནག་པོ་ཆེན་པོའི་སྒྲུབ་ཐབས་ཡིན་ཏེ། འདི་ལ་བསྒྲུབས་ལུགས་གསུམ་ལས། ཐུན་མོང་དུ་བསྒྲུབ་པ་དང་། གཙོའ་བོར་བསྒྲུབ་པ་དང་། མཆོག་བསྒྲུབ་པའོ། །དེ་ཐམས་ཅད་ལ་བསམ་པ་དང་སྦྱོར་བ་གལ་ཆེའོ།
།དེ་ལ་ཐུན་མོང་དུ་བསྒྲུབ་པ་ནི། སངས་རྒྱས་ཀྱི་བསྟན་པ་འདི་སེམས་ཅན་ཐམས་ཅད་ལ་གལ་ཆེ། ་་་ ༡༠༦
དགོས་པ་ཅི་ཡོད་པའོ། །གོང་མ་གཅུམ་ནི་སྤྱིར་ཤེས་སོ།
།ཚུལ་ལམ་ཐབས་ཇི་ལྟར་བསྒྲུབས་པ་ལ་དགུའ་སྟེ། དང་པོ་རྟེན་བཤམ་པ་དང་། གཉིས་པ་མཆོད་པ་བཤམ་པ་དང་། གསུམ་པ་བསྐྱེད་རིམ་བསྒོམ་པ་དང་། བཞིའ་པ་ཕྱི་ནང་གི་མཆོད་པ་འབུལ་བ་དང་། ལྔ་པ་བཟླས་པ་བྱ་བ་དང་། དྲུག་པ་གཏོར་མ་བཏང་བ་དང་། བདུན་པ་བསྟོད་པ་བྱ་ཞིང་བསྟན་པའི་གཉེར་གཏད་པ་དང་། བརྒྱད་པ་གྲུབ་པའི་རྟགས་་དང་། དགུའ་པ་ལས་ཚོགས་བསྟན་པའོ།
།དང་པོ་རྟེན་ལ་སྤྱི་དང་བྲག །་་་ ༡༠༧
།གཉིས་པ་རྫས་རྣམས་བཤམ་པ་ནི། ་་་ ༡༠༩
གསུམ་པ་བསྐྱེད་རིམ་བསྒོམ་པ་ནི། ་་་ ༡༡༠
བཞིའ་པ་ཕྱི་ནང་གི་མཆོད་པ་འབུལ་བ་ནི། ་་་ ༡༡༢
ལྔ་པ་བཟླས་པ་བྱ་བ་ནི། ་་་ ༡༡༣
།དོན་དྲུག་པ་གཏོར་མ་བཏང་བ་ནི། ་་་ ༡༡༤
།བདུན་པ་བསྟོད་པ་བྱ་བ་ནི། ་་་ ༡༡༥
།བརྒྱད་པ་གྲུབ་པའི་རྟགས་ལ་གསུམ། ་་་ ༡༡༥
།དགུའ་པ་ལས་ཚོགས་བསྟན་པ་ནི། ་་་ ༡༡༦
།འདི་བསྒྲུབས་པའི་དགོས་པ་འཇིག་རྟེན་འདི་ལ་འཕྲིན་ལས་བདུན་རང་དབང་ཅན་དུ་འགྲུབ་ལ། སྐྱེ་ཤི་བར་དོ་ལ་མཁའ་སྤྱོད་གནས་སུ་འཁྲིད་ངེའོ།
།བླ་མ་རྣམས་ཀྱི་ཞལ་ནས་སྙན་ཁུ་རིམ་པར་བརྒྱུད་པ་ནག་པོ་ཆེན་པོའི་སྒྲུབ་ཐབས་ཀྱི་ལག་ལེན་ཁྱུང་པོ་གདུ་བུ་བས་ཡི་གེར་བཀོད་པ་འདི་ལ་བླ་མ་དང་ནག་པོ་ཆེན་པོ་ལ་བཟོད་པར་གསོལ་ལོ། །དྫོགས་སོ།། དགེའོ།།

།བརྒྱུད་པ་ནི། ཤ་བ་རི་བ། མེ་ཏྲི་པ། ཨ་ཛུ་ག་ཏ་པ། ཨ་ཏ་ཡ་བཛྲ། ཁྱུང་པོ་རྣལ་འབྱོར། ལས་བསྟོད་དཀོན་མཁར། དབང་ཕྱུགས་རིན་ཆེན། པད་མ་རིན་ཆེན། ཆོས་ཀྱི་རིན་ཆེན། ཆོས་ཀྱི་རྒྱལ་མཚན། ཤཱཀྱ་བཤེས་གཉེན། རིན་ཆེན་བཟང་པོ། ཤེས་རབ་རིན་ཆེན། ཇོ་སྲས་རིན་ཆེན་རྒྱལ་མཚན། རིན་ཆེན་གྲུབ། རབ་ལྡན་རིན་ཆེན། ཆོས་འབྱུང་རིན་ཆེན། དེས་བདག་༼དབང་ཕྱུགས་བཟང་པོ་༽ལའོ།།