Difference between revisions of "Rje btsun phyogs las rnam rgyal gyis mdzad pa'i ne gu chos drug gi brgyud rim gsol 'debs"

From Shangpa Resource Center
 
Line 1: Line 1:
 
{{Text
 
{{Text
|Text ID=PROVA
+
|Text ID=CN1
 
|Tibetan Title=རྗེ་བཙུན་ཕྱོགས་ལས་རྣམ་རྒྱལ་གྱིས་མཛད་པའི་ནེ་གུ་ཆོས་དྲུག་གི་བརྒྱུད་རིམ་གསོལ་འདེབས།
 
|Tibetan Title=རྗེ་བཙུན་ཕྱོགས་ལས་རྣམ་རྒྱལ་གྱིས་མཛད་པའི་ནེ་གུ་ཆོས་དྲུག་གི་བརྒྱུད་རིམ་གསོལ་འདེབས།
 
|Wylie Title=rje btsun phyogs las rnam rgyal gyis mdzad pa'i ne gu chos drug gi brgyud rim gsol 'debs
 
|Wylie Title=rje btsun phyogs las rnam rgyal gyis mdzad pa'i ne gu chos drug gi brgyud rim gsol 'debs

Latest revision as of 11:36, 31 March 2024








Resource ID CN1
Title rje btsun phyogs las rnam rgyal gyis mdzad pa'i ne gu chos drug gi brgyud rim gsol 'debs
Topics Lineage prayer
Author Bodong Cholé Namgyel
Link BUDA MW2PD20238
Notes Close to rgyud pa'i gsol 'debs che chung gsum first prayer.

རྗེ་བཙུན་ཕྱོགས་ལས་རྣམ་རྒྱལ་གྱིས་མཛད་པའི་ནེ་གུ་ཆོས་དྲུག་གི་བརྒྱུད་རིམ་གསོལ་འདེབས་བཞུགས་སོ།

རྒྱལ་བ་ཀུན་གྱི་བདག་པོ་རྡོ་རྗེ་འཆང་། །ཡེ་ཤེས་མཁའ་འགྲོ་དཔལ་ལྡན་ནེ་གུ་མ། །མཁས་གྲུབ་ཆེན་པོ་ཁྱུང་པོ་རྣལ་འབྱོར་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས།
།དཔག་ཡས་ཡོན་ཏན་མཐར་ཕྱིན་རྨོག་ཅོག་པ། །འཇིག་རྟེན་དབང་པོས་རྗེས་གཟུང་སྐྱེར་སྒང་པ། །གསང་ཆེན་ལམ་རིམ་རྒྱས་མཛད་སྙན་སྟོན་ཞབས། ༴
།འགྲོ་བའི་བླ་མ་སངས་རྒྱས་སྟོན་པར་གྲགས། །མཁས་མཆོག་གྲུབ་པ་མཐར་ཕྱིན་གཞོན་ནུ་གྲུབ། །འགྲོ་ལ་ཐར་པའི་ལམ་སྟོན་ཞང་སྟོན་ཞབས། ༴
།ཟབ་རྒྱས་ཆོས་ཚུལ་ཐུགས་ཆུད་མཁས་བཙུན་པ། །སྐྱབས་གནས་དཀོན་མཆོག་གསུམ་དངོས་སྐུ་མཆེད་གསུམ། །ལྷག་བསམ་ཁུར་ཆེན་མངའ་བའི་ཆོས་དཔལ་ཞབས། ༴
།རྩ་རླུང་སེམས་ལ་དབང་ཐོབ་མུས་ཆེན་པ། །བརྩེ་ལྡན་རྒྱལ་བའི་སྲས་པོ་བྱམས་མགོན་པ། །ཀུན་མཁྱེན་གཉིས་པ་ཕྱོགས་ལས་རྣམ་རྒྱལ་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས།
།དཔལ་ལྡན་བླ་མ་སྐུ་བཞིའི་དབང་ཕྱུག་གིས། །དཀྱིལ་འཁོར་རྣམ་བཞིར་དབང་མཆོག་བཞི་བསྐུར་བས། །དྲི་མ་རྣམ་བཞི་དག་ནས་རྒྱུད་སྨིན་ཏེ། །ལམ་གྱི་སྣོད་དུ་རུང་བར་བྱིན་གྱིས་རློབས།
།མཚན་ལྡན་བླ་མ་མཁྱེན་བརྩེ་བསམ་མི་ཁྱབ། །བདག་སོགས་སྙིགས་མའི་དུས་ཀྱི་འགྲོ་རྣམས་ལ། །ལྷུན་གྲུབ་བདེ་དྲོད་འབར་བར་བྱིན་གྱིས་རློབས། །ཅི་སྣང་སྒྱུ་མར་ཤེས་པར་བྱིན་གྱིས་རློབས།
།ཉིང་འཁྲུལ་རྨི་ལམ་ཟིན་པར་བྱིན་གྱིས་རློབས། །འོད་གསལ་མངོན་དུ་འགྱུར་བར༴ །འཕོ་མེད་འཕོ་བར་རྟོགས་པར༴ །བར་དོ་ལོངས་སྐུ་འཆར་བར༴
།གཞི་ཡི་གནས་ཚུལ་འོད་གསལ་མི་ཤིགས་པར། །བླ་མའི་དྲིན་གྱིས་རྟོགས་བཞིན་ལམ་གྱིས་བསྐྱངས། །སྒོམས་པས་ཚེ་འདིར་འབྲས་རྒྱུད་མངོན་གྱུར་ནས། །འགྲོ་ཀུན་བདེ་ལ་འགོད་པར་བྱིན་གྱིས་རློབས།
ནེ་གུ་ཆོས་དྲུག་གི་བརྒྱུད་རིམ་གྱི་གསོལ་འདེབས་རྗེ་བཙུན་ཕྱོགས་ལས་རྣམ་རྒྱལ་གྱིས་མཛད་པའོ།