Difference between revisions of "Bka' brgyud kyi gsol 'debs"

From Shangpa Resource Center

(4 intermediate revisions by the same user not shown)
Line 2: Line 2:

|Text ID=SLv8p473

|Text ID=SLv8p473

|Tibetan Title=བཀའ་བརྒྱུད་ཀྱི་གསོལ་འདེབས།

|Wylie Title=bka' brgyud kyi gsol 'debs

|Wylie Title=bka' brgyud kyi gsol 'debs byin brlabs 'byung ba'i 'brug sgra

|Subject=Lineage prayer

|Subject=Lineage prayer

|BDRC link=[https://www.tbrc.org/#library_work_ViewByOutline-O3CN17353CN1905%7CW3CN766 BDRC W3CN766 (p. 473)]

|Notes=Author may be ''gung ston nam mkha' rgyal po'' according to the following text: ''snye mo gter ston rgya gar sa ri bas spyan drangs pa'i rta mgrin gsang sgrub kyi chos skor tshang ba (sgrub thabs kun btus vol. 7, p. 639)''

༄༅། །བཀའ་བརྒྱུད་ཀྱི་གསོལ་འདེབས་ཡོད།།

ཆོས་སྐུ་ཀུན་ཁྱབ་ནམ་མཁའི་ཀློང་དཀྱིལ་དུ། །གཟུགས་སྐུ་རྟ་བདུན་རྒྱལ་པོའི་དཀྱིལ་འཁོར་རྒྱས། །འཕྲིན་ལས་འོད་སྟོང་རྒྱ་ཆེན་རྒྱུན་ཆད་མེད། །འགྲོ་ཀུན་སྨིན་གྲོལ་ཐར་པའི་ལམ་སྟོན་པའི། །སངས་རྒྱས་རྡོ་རྗེ་འཆང་ལ་གསོལ་བ་འདེབ། །ཕ་དྲིན་ཅན་རྩ་བའི་བླ་མ་ལ༴ །དྲིན་ཅན་པའི་ཆོས་རྗེ་ལ༴ །འོག་མ་ཀུན་ལ་འདྲེའོ།
།རྡོ་རྗེ་འཆང་གི་དངོས་སུ་བྱིན་བརླབ་ནས། །སྨན་གྱི་ནགས་ཁྲོད་སྤྲུལ་པའི་དཀྱིལ་འཁོར་དུ། །རབ་མཛེས་ལྷ་ལུས་གར་དགུའི་ཉམས་ཀྱིས་རོལ། །གདམ་པའི་དངོས་གྲུབ་ཆལ་མ་ཆིལ་མར་གནང་། །ཡེ་ཤེས་མཁའ་འགྲོའི་ཞབས་ལ༴
།རྒྱ་གར་གྲུབ་ཆེན་བརྒྱ་དང་ལྔ་བཅུ་འི། །བྱིན་བརླབ་གདམ་ངག་བདུད་རྩིའི་བཅུད་བསྡུས་པ། །འཛམ་བུའི་གླིང་དུ་ཆོས་ཀྱི་སྒྲོན་མེ་སྦར། །སྤྲུལ་པའི་སྐྱེས་ཆེན་ས་བཅུ་ཟིལ་གྱིས་མནན། །[[Khyungpo Neljor|གྲུབ་ཆེན་ཁྱུང་པོ]]འི་ཞབས་ལ༴
།སྐལ་སྤྱོད་མཐར་ཕྱིན་རྩེ་གཅིག་བསྒྲུབ་པའི་མཐུས། །མངོན་ཤེས་རྫུ་འཕྲུལ་འོད་གསལ་རྒྱུན་ཆད་མེད། །ཞིང་ཁམས་ལྷ་ཚོགས་མཁའ་ལྟར་མཉམ་པར་གཟིགས། །སྲིད་ཞིའི་མཉམ་ཉིད་རྟོགས་པའི་རྣལ་འབྱོར་པ། །[[Mokchokpa Rinchen Tsöndrü|རིན་ཆེན་རྨོག་ལྕོག་པ་]]ལ༴
།སྤྱན་རས་གཟིགས་ཀྱི་དངོས་སུ་རྗེས་བཟུང་ཡང་། །མི་གནས་མྱ་ངན་འདས་པའི་ལམ་བསྒྲུབ་པས། །འཁོར་འདས་སྒྱུ་མ་རྨི་ལམ་ལྟ་བུར་གྲོལ། །བླ་མའི་དགོངས་པ་རྫོགས་པའི་གནང་བ་ཐོབ། །[[Öntön Kyergangpa|དབོན་སྟོན་སྐྱེར་སྒང་པ་]]ལ༴
།ཤེས་བྱའི་གནས་ལ་མཁས་པའི་མཐར་སོན་ཞིང་། །རྒྱལ་བའི་ཞིང་དུ་ཡི་དམ་ལྷ་ཚོགས་དང་། །མཁའ་འགྲོ་ཆོས་སྐྱོང་སྤྲིན་དཔུང་བཞིན་དུ་གཟིགས། །སྦས་པའི་རྣལ་འབྱོར་འབྲེལ་ཚད་དོན་དང་ལྡན། །[[Sangyé Nyentön|སངས་རྒྱས་གཉེན་སྟོན་]]ཞབས༴
།མཁའ་འགྲོས་ལུང་བསྟན་ཟབ་ལམ་ཚིག་རྒྱུད་རྣམས། །བཀའ་རྒྱ་བཀྲོལ་ནས་དར་རྒྱས་ཉིན་མོར་མཛད། །འོད་གསལ་མཐའ་དབུས་མེད་པའི་མཉམ་རྗེས་འདྲེས། །རྫུ་འཕྲུལ་ནུས་པས་སྣང་སྲིད་བྲན་དུ་བཀོལ། །[[Sangyé Tönpa|སངས་རྒྱས་སྟོན་པ]]འི་ཞབས་ལ༴
།ཐབས་ལམ་མེ་དཔུང་འཁྲིག་པའི་ཀློང་དཀྱིལ་དུ། །སྒྱུ་མའི་གཞན་མེད་རྨི་ལམ་རི་མོས་བཀྲ། །འོད་གསལ་སྒྲོན་མེ་འཕོ་བདེའི་གླུ་གར་སྒྱུར། །ལོངས་སྐུའི་ལྷ་ཚོགས་འབྲལ་མེད་ལས་མཆོད་པའི། །[[Tsangma Shangtön|རྩང་སྟོན་ཆེན་པོ]]འི་ཞབས་ལ༴
།མཁས་བཙུན་བསྒྲུབ་པའི་རྒྱ་བརྩོན་མཐོན་པོའི་རྩེར། །ཏིང་འཛིན་འབུམ་ཕྲག་མང་པོའི་སྒོ་ཕྱེ་ནས། །ཟབ་ཡང་་་་་་་་་་་འོད་གསལ་དངོས་སུ་གཟིགས། །མཁའ་འགྲོ་ཆོས་སྐྱོང་བྲན་བཞིན་འཕྲིན་ལས་བསྒྲུབ། །[[Gyeltsen Bum|མཁས་བཙུན་ཆེན་པོ]]འི་ཞབས༴
།བྱམས་པའི་ཐུགས་རྗེས་འགྲོ་ལ་གཟིགས་་་་་དཔལ། །འབད་རྩོལ་མེད་པར་རྟོགས་པའི་མཚོ་རྡོལ་ནས། །འོད་གསལ་ཉི་མའི་དཀྱིལ་འཁོར་བཞིན་དུ་རྒྱས། །སངས་རྒྱས་བྱང་སེམས་སྐར་ཆོགས་ལྟ་བུར་གཟིགས། །[[Jampa Pel|འཇིགས་ཆེན་བྱམ་པ]]འི་ཞབས༴
།བློ་གྲོས་མཁྱེན་པའི་དཔལ་འབྱོར་བཟང་པོ་ཡི། །བསྐྱེད་རྫོགས་དབང་འཇམ་ཀུན་གྱིས་མཐར་སོན་ཤིང་། །ཆོས་དབྱིངས་ཁྱས་བ་་་ལ་ནམ་མཁའི་ཁྱོན་ལྟར་གསལ། །ལྷར་བཅས་འགྲོ་བ་སྨིན་གྲོལ་ལམ་ལ་བཀོད། །[[Lodrö Pelsang|འཇག་ཆེན་བློ་བཟང་]]ཞབས༴
།ཐོས་པས་ཕྱི་འི་སྒྲོ་འདོག་ཐམས་ཅད་གཅོད། །སྒོམ་པས་ནང་གི་འཕྱིར་བ་ཀུན་ལས་གྲོལ། །ལྷག་པའི་ལྷའི་དངོས་སུ་རྗེས་གཟུང་ཞིང་། །བཀའ་རྒྱུད་བསྟན་པ་ཕྱོགས་བཅུར་རྒྱས་མཛད་པའི། །དྲིན་ཅན་ཆོས་རྗེའི་ཞབས་ལ༴
།བསྐྱེད་རིམ་གནང་སྟོང་ལྷ་སྐུའི་སྤྲིན་ཕུང་འཁྲིག །གསང་སྔགས་གྲགས་སྟོང་བཟླས་པའི་འབྲུག་སྒྲ་སྒྲོགས། །ཟུང་འཇུག་རྫོགས་རིམ་སྤྲོས་པའི་མཐའ་དང་བྲལ། །མཆོག་དང་ཐུན་མོང་དངོས་སུ་སྟེར་མཛད་པའི། །ཡི་དམ་རྒྱུད་སྡེ་ལྔ་ལ༴
།ཕ་རོལ་ཕྱིན་དྲུག་མཐར་ཕྱིན་ཕྱག་དྲུག་པ། །རྣམ་ཐར་སྒོ་གསུམ་གཟིགས་པའི་སྤྱན་གསུམ་པ། །ཉོན་མོངས་བདུད་དཔུང་འཇོམས་ཕྱིར་དྲག་པོའི་གཟུགས། །རྣལ་འབྱོར་བར་ཆད་བསྲུང་ཞིང་དངོས་གྲུབ་མཆོག་སྟེར་བའི། །ཕྱག་དྲུག་འཁོར་དང་བཅས་ལ༴
།རྩ་བ་རྒྱུད་པའི་བླ་མ་དམ་པ་དང་། །ཕྱོགས་བཅུ་དུས་གསུམ་རྒྱལ་བ་རྒྱ་མཚོ་ལ། །སྒོ་གསུམ་དང་བའི་ཡིད་ཀྱིས་ཕྱག་འཚལ་ཞིང་། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོས་མཆོད། །ལུས་ངག་ཡིད་ཀྱི་སྡིག་པ་སོ་སོར་བཤགས། །དགེ་ལ་ཡི་རང་ཆོས་འཁོར་སྐོར་དུ་སྐུལ། །མྱ་ངན་མི་འདའ་རྟག་པར་བཞུགས་གསོལ་འདེབ། །བདག་དང་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི། །སེམས་རྒྱུད་ལུས་སུ་རུང་བར་བྱིན་གྱིས་རློབ། །བློ་རྒྱུད་ཆོས་ལ་འགྲོ་བར་བྱིན་གྱིས་རློབ། །ཐབས་ལམ་བདེ་གྲོད་འབར་བར༴ །སྒྱུ་ལུས་རྨི་ལམ་འབྱོང་པར༴ །འོད་གསལ་མངོན་དུ་འགྱུར་བར༴ །འཕོ་བ་བར་དོ་འབྱོང་པར༴ །སྐྱེ་མེད་ཕྱག་ཆེན་རྟོགས་པར༴ །འཕྲིན་ལས་དར་ཞིང་རྒྱས་པར་བྱིན་གྱིས་རློབ། དགེའོ།
།བཀའ་རྒྱུད་ཀྱི་གསོལ་འདེབས་བྱིན་བརླབས་འབྱུང་བའི་འབྲུག་སྒྲ་ཞེས་བྱ་བ་ནི། གུང་སྟོན་ཆོས་རྗེས། ཕུལ་ཕུ་[[Rigong|རི་གོང་གི་དབེན་གནས་]]་་་་་་པར་མཛད་པའོ། །སེམས་ཅན་མང་པོ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་གཅིག །རྫོགས་སོ།།

༄༅། །བཀའ་བརྒྱུད་ཀྱི་གསོལ་འདེབས་ཡོད།།

ཆོས་སྐུ་ཀུན་ཁྱབ་ནམ་མཁའི་ཀློང་དཀྱིལ་དུ། །གཟུགས་སྐུ་རྟ་བདུན་རྒྱལ་པོའི་དཀྱིལ་འཁོར་རྒྱས། །འཕྲིན་ལས་འོད་སྟོང་རྒྱ་ཆེན་རྒྱུན་ཆད་མེད། །འགྲོ་ཀུན་སྨིན་གྲོལ་ཐར་པའི་ལམ་སྟོན་པའི། །སངས་རྒྱས་རྡོ་རྗེ་འཆང་ལ་གསོལ་བ་འདེབ། །ཕ་དྲིན་ཅན་རྩ་བའི་བླ་མ་ལ༴ །དྲིན་ཅན་པའི་ཆོས་རྗེ་ལ༴ །འོག་མ་ཀུན་ལ་འདྲེའོ།
།རྡོ་རྗེ་འཆང་གི་དངོས་སུ་བྱིན་བརླབ་ནས། །སྨན་གྱི་ནགས་ཁྲོད་སྤྲུལ་པའི་དཀྱིལ་འཁོར་དུ། །རབ་མཛེས་ལྷ་ལུས་གར་དགུའི་ཉམས་ཀྱིས་རོལ། །གདམ་པའི་དངོས་གྲུབ་ཆལ་མ་ཆིལ་མར་གནང་། །ཡེ་ཤེས་མཁའ་འགྲོའི་ཞབས་ལ༴
།རྒྱ་གར་གྲུབ་ཆེན་བརྒྱ་དང་ལྔ་བཅུ་འི། །བྱིན་བརླབ་གདམ་ངག་བདུད་རྩིའི་བཅུད་བསྡུས་པ། །འཛམ་བུའི་གླིང་དུ་ཆོས་ཀྱི་སྒྲོན་མེ་སྦར། །སྤྲུལ་པའི་སྐྱེས་ཆེན་ས་བཅུ་ཟིལ་གྱིས་མནན། །[[Khyungpo Neljor|གྲུབ་ཆེན་ཁྱུང་པོ]]འི་ཞབས་ལ༴
།སྐལ་སྤྱོད་མཐར་ཕྱིན་རྩེ་གཅིག་བསྒྲུབ་པའི་མཐུས། །མངོན་ཤེས་རྫུ་འཕྲུལ་འོད་གསལ་རྒྱུན་ཆད་མེད། །ཞིང་ཁམས་ལྷ་ཚོགས་མཁའ་ལྟར་མཉམ་པར་གཟིགས། །སྲིད་ཞིའི་མཉམ་ཉིད་རྟོགས་པའི་རྣལ་འབྱོར་པ། །[[Mokchokpa Rinchen Tsöndrü|རིན་ཆེན་རྨོག་ལྕོག་པ་]]ལ༴
།སྤྱན་རས་གཟིགས་ཀྱི་དངོས་སུ་རྗེས་བཟུང་ཡང་། །མི་གནས་མྱ་ངན་འདས་པའི་ལམ་བསྒྲུབ་པས། །འཁོར་འདས་སྒྱུ་མ་རྨི་ལམ་ལྟ་བུར་གྲོལ། །བླ་མའི་དགོངས་པ་རྫོགས་པའི་གནང་བ་ཐོབ། །[[Öntön Kyergangpa|དབོན་སྟོན་སྐྱེར་སྒང་པ་]]ལ༴
།ཤེས་བྱའི་གནས་ལ་མཁས་པའི་མཐར་སོན་ཞིང་། །རྒྱལ་བའི་ཞིང་དུ་ཡི་དམ་ལྷ་ཚོགས་དང་། །མཁའ་འགྲོ་ཆོས་སྐྱོང་སྤྲིན་དཔུང་བཞིན་དུ་གཟིགས། །སྦས་པའི་རྣལ་འབྱོར་འབྲེལ་ཚད་དོན་དང་ལྡན། །[[Sangyé Nyentön|སངས་རྒྱས་གཉེན་སྟོན་]]ཞབས༴
།མཁའ་འགྲོས་ལུང་བསྟན་ཟབ་ལམ་ཚིག་རྒྱུད་རྣམས། །བཀའ་རྒྱ་བཀྲོལ་ནས་དར་རྒྱས་ཉིན་མོར་མཛད། །འོད་གསལ་མཐའ་དབུས་མེད་པའི་མཉམ་རྗེས་འདྲེས། །རྫུ་འཕྲུལ་ནུས་པས་སྣང་སྲིད་བྲན་དུ་བཀོལ། །[[Sangyé Tönpa|སངས་རྒྱས་སྟོན་པ]]འི་ཞབས་ལ༴
།ཐབས་ལམ་མེ་དཔུང་འཁྲིག་པའི་ཀློང་དཀྱིལ་དུ། །སྒྱུ་མའི་གཞན་མེད་རྨི་ལམ་རི་མོས་བཀྲ། །འོད་གསལ་སྒྲོན་མེ་འཕོ་བདེའི་གླུ་གར་སྒྱུར། །ལོངས་སྐུའི་ལྷ་ཚོགས་འབྲལ་མེད་ལས་མཆོད་པའི། །[[Tsangma Shangtön|རྩང་སྟོན་ཆེན་པོ]]འི་ཞབས་ལ༴
།མཁས་བཙུན་བསྒྲུབ་པའི་རྒྱལ་མཚན་མཐོན་པོའི་རྩེར། །ཏིང་འཛིན་འབུམ་ཕྲག་མང་པོའི་སྒོ་ཕྱེ་ནས། །ཟབ་ཡང་་་་་་་་་་་འོད་གསལ་དངོས་སུ་གཟིགས། །མཁའ་འགྲོ་ཆོས་སྐྱོང་བྲན་བཞིན་འཕྲིན་ལས་བསྒྲུབ། །[[Gyeltsen Bum|མཁས་བཙུན་ཆེན་པོ]]འི་ཞབས༴
།བྱམས་པའི་ཐུགས་རྗེས་འགྲོ་ལ་གཟིགས་པའི་དཔལ། །འབད་རྩོལ་མེད་པར་རྟོགས་པའི་མཚོ་རྡོལ་ནས། །འོད་གསལ་ཉི་མའི་དཀྱིལ་འཁོར་བཞིན་དུ་རྒྱས། །སངས་རྒྱས་བྱང་སེམས་སྐར་ཆོགས་ལྟ་བུར་གཟིགས། །[[Jampa Pel|འཇིགས་ཆེན་བྱམ་པ]]འི་ཞབས༴
།བློ་གྲོས་མཁྱེན་པའི་དཔལ་འབྱོར་བཟང་པོ་ཡི། །བསྐྱེད་རྫོགས་དབང་འཇམ་ཀུན་གྱིས་མཐར་སོན་ཤིང་། །ཆོས་དབྱིངས་ཁྱབ་བརྡལ་ནམ་མཁའི་ཁྱོན་ལྟར་གསལ། །ལྷར་བཅས་འགྲོ་བ་སྨིན་གྲོལ་ལམ་ལ་བཀོད། །[[Lodrö Pelsang|འཇག་ཆེན་བློ་བཟང་]]ཞབས༴
།ཐོས་པས་ཕྱི་འི་སྒྲོ་འདོག་ཐམས་ཅད་གཅོད། །སྒོམ་པས་ནང་གི་འཕྱིར་བ་ཀུན་ལས་གྲོལ། །ལྷག་པའི་ལྷའི་དངོས་སུ་རྗེས་གཟུང་ཞིང་། །བཀའ་རྒྱུད་བསྟན་པ་ཕྱོགས་བཅུར་རྒྱས་མཛད་པའི། །དྲིན་ཅན་ཆོས་རྗེའི་ཞབས་ལ༴
།བསྐྱེད་རིམ་གནང་སྟོང་ལྷ་སྐུའི་སྤྲིན་ཕུང་འཁྲིག །གསང་སྔགས་གྲགས་སྟོང་བཟླས་པའི་འབྲུག་སྒྲ་སྒྲོགས། །ཟུང་འཇུག་རྫོགས་རིམ་སྤྲོས་པའི་མཐའ་དང་བྲལ། །མཆོག་དང་ཐུན་མོང་དངོས་སུ་སྟེར་མཛད་པའི། །ཡི་དམ་རྒྱུད་སྡེ་ལྔ་ལ༴
།ཕ་རོལ་ཕྱིན་དྲུག་མཐར་ཕྱིན་ཕྱག་དྲུག་པ། །རྣམ་ཐར་སྒོ་གསུམ་གཟིགས་པའི་སྤྱན་གསུམ་པ། །ཉོན་མོངས་བདུད་དཔུང་འཇོམས་ཕྱིར་དྲག་པོའི་གཟུགས། །རྣལ་འབྱོར་བར་ཆད་བསྲུང་ཞིང་དངོས་གྲུབ་མཆོག་སྟེར་བའི། །ཕྱག་དྲུག་འཁོར་དང་བཅས་ལ༴
།རྩ་བ་རྒྱུད་པའི་བླ་མ་དམ་པ་དང་། །ཕྱོགས་བཅུ་དུས་གསུམ་རྒྱལ་བ་རྒྱ་མཚོ་ལ། །སྒོ་གསུམ་དང་བའི་ཡིད་ཀྱིས་ཕྱག་འཚལ་ཞིང་། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོས་མཆོད། །ལུས་ངག་ཡིད་ཀྱི་སྡིག་པ་སོ་སོར་བཤགས། །དགེ་ལ་ཡིད་རངས་ཆོས་འཁོར་སྐོར་དུ་སྐུལ། །མྱ་ངན་མི་འདའ་རྟག་པར་བཞུགས་གསོལ་འདེབ། །བདག་དང་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི། །སེམས་རྒྱུད་ལུས་སུ་རུང་བར་བྱིན་གྱིས་རློབ། །བློ་རྒྱུད་ཆོས་ལ་འགྲོ་བར་བྱིན་གྱིས་རློབ། །ཐབས་ལམ་བདེ་གྲོད་འབར་བར༴ །སྒྱུ་ལུས་རྨི་ལམ་འབྱོང་པར༴ །འོད་གསལ་མངོན་དུ་འགྱུར་བར༴ །འཕོ་བ་བར་དོ་འབྱོང་པར༴ །སྐྱེ་མེད་ཕྱག་ཆེན་རྟོགས་པར༴ །འཕྲིན་ལས་དར་ཞིང་རྒྱས་པར་བྱིན་གྱིས་རློབ། དགེའོ།
།བཀའ་རྒྱུད་ཀྱི་གསོལ་འདེབས་བྱིན་བརླབས་འབྱུང་བའི་འབྲུག་སྒྲ་ཞེས་བྱ་བ་ནི། གུང་སྟོན་ཆོས་རྗེས། ཕུལ་ཕུ་[[Rigong|རི་གོང་གི་དབེན་གནས་]]དམ་པར་མཛད་པའོ། །སེམས་ཅན་མང་པོ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་གཅིག །རྫོགས་སོ།།

Latest revision as of 12:52, 21 August 2023

Resource ID SLv8p473
Title bka' brgyud kyi gsol 'debs byin brlabs 'byung ba'i 'brug sgra
Topics Lineage prayer
Link BDRC W3CN766 (p. 473)
Notes Author may be gung ston nam mkha' rgyal po according to the following text: snye mo gter ston rgya gar sa ri bas spyan drangs pa'i rta mgrin gsang sgrub kyi chos skor tshang ba (sgrub thabs kun btus vol. 7, p. 639)

༄༅། །བཀའ་བརྒྱུད་ཀྱི་གསོལ་འདེབས་ཡོད།།

ཆོས་སྐུ་ཀུན་ཁྱབ་ནམ་མཁའི་ཀློང་དཀྱིལ་དུ། །གཟུགས་སྐུ་རྟ་བདུན་རྒྱལ་པོའི་དཀྱིལ་འཁོར་རྒྱས། །འཕྲིན་ལས་འོད་སྟོང་རྒྱ་ཆེན་རྒྱུན་ཆད་མེད། །འགྲོ་ཀུན་སྨིན་གྲོལ་ཐར་པའི་ལམ་སྟོན་པའི། །སངས་རྒྱས་རྡོ་རྗེ་འཆང་ལ་གསོལ་བ་འདེབ། །ཕ་དྲིན་ཅན་རྩ་བའི་བླ་མ་ལ༴ །དྲིན་ཅན་པའི་ཆོས་རྗེ་ལ༴ །འོག་མ་ཀུན་ལ་འདྲེའོ།
།རྡོ་རྗེ་འཆང་གི་དངོས་སུ་བྱིན་བརླབ་ནས། །སྨན་གྱི་ནགས་ཁྲོད་སྤྲུལ་པའི་དཀྱིལ་འཁོར་དུ། །རབ་མཛེས་ལྷ་ལུས་གར་དགུའི་ཉམས་ཀྱིས་རོལ། །གདམ་པའི་དངོས་གྲུབ་ཆལ་མ་ཆིལ་མར་གནང་། །ཡེ་ཤེས་མཁའ་འགྲོའི་ཞབས་ལ༴
།རྒྱ་གར་གྲུབ་ཆེན་བརྒྱ་དང་ལྔ་བཅུ་འི། །བྱིན་བརླབ་གདམ་ངག་བདུད་རྩིའི་བཅུད་བསྡུས་པ། །འཛམ་བུའི་གླིང་དུ་ཆོས་ཀྱི་སྒྲོན་མེ་སྦར། །སྤྲུལ་པའི་སྐྱེས་ཆེན་ས་བཅུ་ཟིལ་གྱིས་མནན། །གྲུབ་ཆེན་ཁྱུང་པོའི་ཞབས་ལ༴
།སྐལ་སྤྱོད་མཐར་ཕྱིན་རྩེ་གཅིག་བསྒྲུབ་པའི་མཐུས། །མངོན་ཤེས་རྫུ་འཕྲུལ་འོད་གསལ་རྒྱུན་ཆད་མེད། །ཞིང་ཁམས་ལྷ་ཚོགས་མཁའ་ལྟར་མཉམ་པར་གཟིགས། །སྲིད་ཞིའི་མཉམ་ཉིད་རྟོགས་པའི་རྣལ་འབྱོར་པ། །རིན་ཆེན་རྨོག་ལྕོག་པ་ལ༴
།སྤྱན་རས་གཟིགས་ཀྱི་དངོས་སུ་རྗེས་བཟུང་ཡང་། །མི་གནས་མྱ་ངན་འདས་པའི་ལམ་བསྒྲུབ་པས། །འཁོར་འདས་སྒྱུ་མ་རྨི་ལམ་ལྟ་བུར་གྲོལ། །བླ་མའི་དགོངས་པ་རྫོགས་པའི་གནང་བ་ཐོབ། །དབོན་སྟོན་སྐྱེར་སྒང་པ་ལ༴
།ཤེས་བྱའི་གནས་ལ་མཁས་པའི་མཐར་སོན་ཞིང་། །རྒྱལ་བའི་ཞིང་དུ་ཡི་དམ་ལྷ་ཚོགས་དང་། །མཁའ་འགྲོ་ཆོས་སྐྱོང་སྤྲིན་དཔུང་བཞིན་དུ་གཟིགས། །སྦས་པའི་རྣལ་འབྱོར་འབྲེལ་ཚད་དོན་དང་ལྡན། །སངས་རྒྱས་གཉེན་སྟོན་ཞབས༴
།མཁའ་འགྲོས་ལུང་བསྟན་ཟབ་ལམ་ཚིག་རྒྱུད་རྣམས། །བཀའ་རྒྱ་བཀྲོལ་ནས་དར་རྒྱས་ཉིན་མོར་མཛད། །འོད་གསལ་མཐའ་དབུས་མེད་པའི་མཉམ་རྗེས་འདྲེས། །རྫུ་འཕྲུལ་ནུས་པས་སྣང་སྲིད་བྲན་དུ་བཀོལ། །སངས་རྒྱས་སྟོན་པའི་ཞབས་ལ༴
།ཐབས་ལམ་མེ་དཔུང་འཁྲིག་པའི་ཀློང་དཀྱིལ་དུ། །སྒྱུ་མའི་གཞན་མེད་རྨི་ལམ་རི་མོས་བཀྲ། །འོད་གསལ་སྒྲོན་མེ་འཕོ་བདེའི་གླུ་གར་སྒྱུར། །ལོངས་སྐུའི་ལྷ་ཚོགས་འབྲལ་མེད་ལས་མཆོད་པའི། །རྩང་སྟོན་ཆེན་པོའི་ཞབས་ལ༴
།མཁས་བཙུན་བསྒྲུབ་པའི་རྒྱལ་མཚན་མཐོན་པོའི་རྩེར། །ཏིང་འཛིན་འབུམ་ཕྲག་མང་པོའི་སྒོ་ཕྱེ་ནས། །ཟབ་ཡང་་་་་་་་་་་འོད་གསལ་དངོས་སུ་གཟིགས། །མཁའ་འགྲོ་ཆོས་སྐྱོང་བྲན་བཞིན་འཕྲིན་ལས་བསྒྲུབ། །མཁས་བཙུན་ཆེན་པོའི་ཞབས༴
།བྱམས་པའི་ཐུགས་རྗེས་འགྲོ་ལ་གཟིགས་པའི་དཔལ། །འབད་རྩོལ་མེད་པར་རྟོགས་པའི་མཚོ་རྡོལ་ནས། །འོད་གསལ་ཉི་མའི་དཀྱིལ་འཁོར་བཞིན་དུ་རྒྱས། །སངས་རྒྱས་བྱང་སེམས་སྐར་ཆོགས་ལྟ་བུར་གཟིགས། །འཇིགས་ཆེན་བྱམ་པའི་ཞབས༴
།བློ་གྲོས་མཁྱེན་པའི་དཔལ་འབྱོར་བཟང་པོ་ཡི། །བསྐྱེད་རྫོགས་དབང་འཇམ་ཀུན་གྱིས་མཐར་སོན་ཤིང་། །ཆོས་དབྱིངས་ཁྱབ་བརྡལ་ནམ་མཁའི་ཁྱོན་ལྟར་གསལ། །ལྷར་བཅས་འགྲོ་བ་སྨིན་གྲོལ་ལམ་ལ་བཀོད། །འཇག་ཆེན་བློ་བཟང་ཞབས༴
།ཐོས་པས་ཕྱི་འི་སྒྲོ་འདོག་ཐམས་ཅད་གཅོད། །སྒོམ་པས་ནང་གི་འཕྱིར་བ་ཀུན་ལས་གྲོལ། །ལྷག་པའི་ལྷའི་དངོས་སུ་རྗེས་གཟུང་ཞིང་། །བཀའ་རྒྱུད་བསྟན་པ་ཕྱོགས་བཅུར་རྒྱས་མཛད་པའི། །དྲིན་ཅན་ཆོས་རྗེའི་ཞབས་ལ༴
།བསྐྱེད་རིམ་གནང་སྟོང་ལྷ་སྐུའི་སྤྲིན་ཕུང་འཁྲིག །གསང་སྔགས་གྲགས་སྟོང་བཟླས་པའི་འབྲུག་སྒྲ་སྒྲོགས། །ཟུང་འཇུག་རྫོགས་རིམ་སྤྲོས་པའི་མཐའ་དང་བྲལ། །མཆོག་དང་ཐུན་མོང་དངོས་སུ་སྟེར་མཛད་པའི། །ཡི་དམ་རྒྱུད་སྡེ་ལྔ་ལ༴
།ཕ་རོལ་ཕྱིན་དྲུག་མཐར་ཕྱིན་ཕྱག་དྲུག་པ། །རྣམ་ཐར་སྒོ་གསུམ་གཟིགས་པའི་སྤྱན་གསུམ་པ། །ཉོན་མོངས་བདུད་དཔུང་འཇོམས་ཕྱིར་དྲག་པོའི་གཟུགས། །རྣལ་འབྱོར་བར་ཆད་བསྲུང་ཞིང་དངོས་གྲུབ་མཆོག་སྟེར་བའི། །ཕྱག་དྲུག་འཁོར་དང་བཅས་ལ༴
།རྩ་བ་རྒྱུད་པའི་བླ་མ་དམ་པ་དང་། །ཕྱོགས་བཅུ་དུས་གསུམ་རྒྱལ་བ་རྒྱ་མཚོ་ལ། །སྒོ་གསུམ་དང་བའི་ཡིད་ཀྱིས་ཕྱག་འཚལ་ཞིང་། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོས་མཆོད། །ལུས་ངག་ཡིད་ཀྱི་སྡིག་པ་སོ་སོར་བཤགས། །དགེ་ལ་ཡིད་རངས་ཆོས་འཁོར་སྐོར་དུ་སྐུལ། །མྱ་ངན་མི་འདའ་རྟག་པར་བཞུགས་གསོལ་འདེབ། །བདག་དང་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི། །སེམས་རྒྱུད་ལུས་སུ་རུང་བར་བྱིན་གྱིས་རློབ། །བློ་རྒྱུད་ཆོས་ལ་འགྲོ་བར་བྱིན་གྱིས་རློབ། །ཐབས་ལམ་བདེ་གྲོད་འབར་བར༴ །སྒྱུ་ལུས་རྨི་ལམ་འབྱོང་པར༴ །འོད་གསལ་མངོན་དུ་འགྱུར་བར༴ །འཕོ་བ་བར་དོ་འབྱོང་པར༴ །སྐྱེ་མེད་ཕྱག་ཆེན་རྟོགས་པར༴ །འཕྲིན་ལས་དར་ཞིང་རྒྱས་པར་བྱིན་གྱིས་རློབ། དགེའོ།
།བཀའ་རྒྱུད་ཀྱི་གསོལ་འདེབས་བྱིན་བརླབས་འབྱུང་བའི་འབྲུག་སྒྲ་ཞེས་བྱ་བ་ནི། གུང་སྟོན་ཆོས་རྗེས། ཕུལ་ཕུ་རི་གོང་གི་དབེན་གནས་དམ་པར་མཛད་པའོ། །སེམས་ཅན་མང་པོ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་གཅིག །རྫོགས་སོ།།