Shog dril rnams kyi man ngag gab sbas dkrug pa rnams gsal byed zhal shes shog dril shin tu gsang zhing sba ba bya ba

From Shangpa Resource Center
Revision as of 18:20, 27 January 2025 by Sengue (talk | contribs)








Resource ID SCv11p928
Title shog dril bcu gcig pa la shog dril rnams kyi man ngag gab sbas dkrug pa rnams gsal byed zhal shes shog dril shin tu gsang zhing sba ba bya ba
Topics Chadrupa
Sub-Topics Various
Link BDRC W23922
WA00KG09215 (p.380)
Notes Linked to SCv11p914 SCv11p868 SCv11p893 SCv11p934 SCv11p872 SCv11p873

༈ ཤོག་དྲིལ་བཅུ་གཅིག་པ་ལ་ཤོག་དྲིལ་རྣམས་ཀྱི་མན་ངག་གབ་སྦས་དཀྲུག་པ་རྣམས་གསལ་བྱེད་ཞལ་ཤེས་ཤོག་དྲིལ་ཤིན་ཏུ་གསང་ཞིང་སྦ་བར་བྱ་བ་བཞུགས་སོ།
༼ངོ༽ ༈ མན་ངག་གནད་ཀྱི་ཞལ་ཤེས་བསྟན་པ་འདི་ལྟ་སྟེ། གཤེད་ཤིང་གི་སྙུ་གུ་ཅེས་པ་ནི་ཐོག་ཕོག་པའི་ཤིང་ལས་སོ།
༈ སྒྲོ་རྩའི་སྙུ་གུ་ཅེས་པ་ནི་བྱ་རོག་གི་སྒྲོའི་རྩ་བའོ།
༈ གླ་རྐང་ནག་པོ་ཅེས་པ་ནི། གླ་བ་ནག་པོའི་རྐང་རུས་ཀྱི་སྦུ་གུའོ།
༈ གྲི་ལྕགས་ཀྱིས་སྙུ་གུ་ཅེས་པ་ནི་མི་བསད་པའི་གྲི་མཚོན་ལས་བརྡུངས་པའི་སྦུ་གུ་གྲི་ལྕགས་ཀྱིས་ངར་བླུད་པའོ།
༈ སྔར་གྱི་ཞེས་པ་ནི། བསྒྲུབ་གཞུང་ལ་ཟེར། འདི་རྣམས་གཏོར་ཆེན་གྱི་ཆ་ལག་ཏུ་ཤིན་ཏུ་རྒྱས་པ་ཡིན་ནོ། ཁ་སྦྱོར་དབྱེ་བ་སོགས་གཏོར་ཆེན་ལྟར། སྙིང་ཁྲག་གི་ཤོག་དྲིལ་གྱི་ཞལ་ཤེས་ཟུར་རྩམ་མོ།
༈ རླུང་སྒྲུབ་ནི། མི་གྲིར་བསད་པའི་ལག་པ་གཡས་པའི་ཚིག་མཚམས་ནས་བཤུས་པའི་བླུད་བུའོ། །གྲི་ལྕགས་ལ་རྩེ་གསུམ་བཟོས་པ་སོར་བཞི་པ་གྲི་ཁྲག་གིས་ངར་བླུད་པའོ།
༈ བ་སུ་ནི་མི་གྲིར་བསད་པའི་རྒྱུ་མའོ།
༈ མི་དབང་ནི་མིང་སྲིང་སྡེབས་པའི་ནལ་ཕྲུག་གི་སྙིང་ཤུན་ནོ།
༈ རྟགས་ཀྱི་སོ་ལམ་ཅེས་པ་ནི། རོ་ཐལ་ལམ་གྲི་རོ་སྲེགས་པའི་ཐལ་བའོ།
༈ དོམ་གྱི་ཆུ་འཛིན་ནི། དོམ་གྱི་སྒང་ཕུག་གོ
༈ གྲི་མཚོན་ནི། གྲི་རུས་ལས་བྱས་པའི་གྲི་གུག་ཚོན་གང་པའོ། །སྐྱེར་ཕུར་ལ་གྲི་ཁྲགས་གིས་ངར་བླུད་པའོ། །ལུག་ནག་ཕར་སྤྱང་གིས་བསད་པའི་རྒྱུ་མ་ཕུས་བཏབ་པའོ། །གྲི་ལྕགས་ཀྱིས་ཁབ་གྲི་ཁྲག་གིས་ངར་བླུད་པའོ།
༈ ཤིང་ནག་ཕུར་པ་ནི་ཆུ་ཤིང་ནག་པོའོ། །ཛོ་རྒོད་ནི་འོག་མ་བཅད་ཅིང་མ་བཀོལ་བའི་རྭ་གཡས་པའོ།
༈ ལྟེ་ཁུང་ནི། རས་ནག་པོའི་ཁུག་མ་ཟུར་གསུམ་པའོ།
༈ ཚ་བ་གསུམ་ནི། སྔོ་ཚ་བ་གསུམ་མོ། །ཟངས་ཁབ་ལིངྒའི་སྙིང་གར་གཙུགས།
༼༈ རྟའི་ཆུ་འཛིན་ནི།༽ རྟ་ནག་འོག་ཡོད་པའི་སྒང་ཕུག་གོ། རླུང་སྒྲུབ་ཀྱི་ཞལ་ཤེས་ཟུར་ཙམ་མོ།
༈ ཉི་ཟླ་བྲལ་བ་ནི། ཉེར་དགུའི་སྲོད་དོ། །སྐར་མ་ཁ་སྦྱོར་ནི་གཟའ་སྐར་ངན་པའོ།
༈ དཀར་མུན་ནི་ཉུང་དཀར་རོ།
༈ ཉི་ཐལ་ནི། ཉི་མ་རྒད་ལ་ཁད་པ་ལ་ཟེར་ཏེ་རྒས་པ་དེ་ཡིན་ནོ།
༈ དམར་པོ་གསུམ་ནི་རྩོད། རྒྱ་སྐེག །འབྲི་མོག་གསུམ་ཡིན་ནོ།
༈ ཁར་བཏང་ཅེས་པ་ནི། གསོས་བྲན་བརླབས་གསུམ་བྱས་པའི་གཏོར་མའི་རྩེ་མོ་རང་ཡི་དམ་དུ་གསལ་བའི་ཁས་བཅད་ལ་ཟ། དེ་ནས་གསོས་བྲན་བརླབས་གསུམ་བྱས་ལ་མགོན་པོ་ལ་ཕུལ། ༼དམ་ཚིག་༽བསྲེ་བའི་གནོད་དོ།
༈ གསང་ཡུམ་ཅེས་པ་ནི། གསང་བའི་མཁའ་འགྲོ་མ་དང་ལྷ་མོ་གཉིས་ནི། ཕྱག་གཉིས་མ་དང་། ཕྱག་བཞི་མའོ།
༈ ཡབ་ཡུམ་གཉིས་ནི། ཀྵེ་ཏྲ་པཱ་ལ་ཡབ་ཡུམ།
༈ ཕོ་གསུམ་ནི། གནོད་སྦྱིན་གཞན་གསུམ་མོ།
ཉི་ཟླ་བར་ནི། མུ་ཁྱུད་གཉིས། ཚེད་ཀྱིས་མུ་ཁྱུད་བཞི་པའོ།
༈ རྡོར་འཛིན་ནི། མུ་ཁྱུད་ལྔ་པ་ལ་རེ་མིག་བཅུ་གསུམ་ལ་མཁའ་འགྲོ་བཅུ་གསུམ་བཀོད་དོ།
༈ འགྲོ་བ་ནི་མུ་ཁྱུད་དྲུག་གོ

༈ ཆུ་སྐྱེས་བཅུ་ཅེས་པ་མུ་ཁྱུད་བདུན་པ་ལ་ཕྱོགས་སྐྱོང་། བཅུ་བཀོད་པའོ།
༈ སྡོམ་འཛིན་ནི། མུ་ཁྱུད་བརྒྱད་པར་ཧྲིཥྚི་སྭ་གཉིས།
༈ འདོད་གསོལ་ནི། མུ་ཁྱུད་དགུ་པར་གཙོ་བོའི་ཕྱག་མཚན་བྲི།
༈ སྟོབས་ཅེས་པ་མུ་ཁྱུད་བཅུ་པ་ཤཱ་ས་ན་བྲི།
༈ མི་འཇིགས་ཅེས་པ་ནི། མུ་ཁྱུད་བཅུ་གཅིག་པར་རྒྱལ་ཆེན་བཞི་བྲི་ཕྱོགས་བཞིར་ཡིན་ནོ། །མཚམས་རྣམས་སུ་འཁོར་རྣམས་ཀྱི་ཕྱག་མཚན་བྲིའོ།
༈ རྟེན་འབྲེལ་ནི་བཅུ་གཉིས་པ་ཏེ་ཡེ་དྷརྨ་བྲི། མཐའ་མེ་རིའོ། །མན་ངག་བཞིན་དུ་རབ་གནས་ནི། འཁོར་ལོ་བསངས་སྦྱངས་༼བསྐྱེད་༽བསྟིམ་བསྙེན་པ་བཀྲ་ཤིས་སོགས་ཞལ་ལས་བྱུང་བ་ལྟར་རོ།
༈ བཟློག་པའི་རིམ་པ་ནི། རོ་རས་སམ་གྲི་རོ་ལ་ཤོག་བུ་བཀབ་གྲི་ལྕགས་ཀྱི་སྙུ་གུས་འཁོར་ལོ་བསྐོར་ལ་ལྷ་དང་ཡི་གེ་རྣམས་ཞལ་ཕྱིར་བསྟན་ལ་བྲི། ཤིང་བུ་ཡང་དྲག་པོས་ཁ་བསྒྱུར་ལ་མི་གྲིར་བསད་པའི་ལྕགས་ལ་རྒྱབ་ནས་ཕུར་རྒྱངས་སོགས་ག་དར་ལེགས་པར་བྱས། གུ་གུལ་དང་སྤོས་སྦྱོར་གྱི་ལེགས་པར་བྱུགས། འཁོར་ལོ་མི་སྤགས་ཀྱིས་མདུན་ངོས་ལ་མགོ་འཇུག་མ་ལོག་པར་ལེགས་པར་སྦྱར་ལ། མགོན་པོ་བསྐྱེད་པ་སོགས་གོང་དང་འདྲ། འཇིགས་ཤིང་བརྔམས་པར་བསྐྱེད། དར་ནག་གིས་ཞལ་ཁེབས་བྱས་ལ་མགོན་པོའི་སྐུ་རྒྱབ་སོགས་སུ་ལེགས་པར་སྦའོ། །དེ་ལྟར་བྱས་ན་གནས་དེ་ཡང་བསིལ་བའི་ཚལ་དང་ཁྱད་མེད་གསུངས། གདབ་པ་སོགས་ཆེར་མི་ཉན། བསྙེན་པ་ཚད་དུ་ཐེངས་པ་ཡིན་ན། ནང་དེ་ཉིད་དུ་ཞལ་ཕྱིར་ཕྱོགས་ལ་བསྒུལ་བ་ཙམ་བྱའོ། །སྒོར་མི་འདོན། མི་ལ་མི་སྟོན་པ་དམ་ཚིག་ཡིན། བསྐང་བཤགས་རྒྱས་པར་བྱ། བཟོད་པར་གསོལ། སླར་ཡང་བརྟན་བཞུགས་བྱའོ། །ཤོག་དྲིལ་དམར་པོའི་ཞལ་ཤེས་ཟུར་ཙམ་མོ། །རུ་པའི་ལྟོ་བར་མཚོན་ཆའི་འཁོར་ལོ་རྩིབས་བཅུ་གཉིས་པ་སོ་འཐབས་པའི་བར་དུ་དགྲ་བོའི་མིང་གཞུག །ཏི་ཤྲཱི་ཅེས་པ་རྩིབས་བཅུ་གཉིས་པ་ཉི་ཤུའོ། །ཡི་གེ་ལྔའི་གོང་དུ་༼མིང་༽སྤེལ་བཅུག ཡི་གེ་བཞི་པ་ཅེས་པ། ཛཿཧཱུྃ་བཾ་ཧོཿཡིན། གྲོང་ཁྱེར་དཀྲུགས་ན་གྲོང་ཁྱེར་གང་ཡིན་པ་དེའི་གཟུགས་བྲིས་པ་དེའི་དབུས་སུ་གྲོང་ཁྱེར་དེའི་གཙོ་བོ་སོགས་བྲི། གྲོང་ཁྱེར་དེའི་ཕྱོགས་བཞིར་མཚལ་གྱིས། རྡཾ། ཅེས་པ་བྲི། མྱོས་བྱེད་ཅེས་པ། ད་དུ་རའི་ཁུ་བའོ། །མེ་ཏོག་དམར་པོ་ནི་ཨུག་ཆོས་༼སམ།༽ མེ་ཏོག་དམར་པོ་གང་ཡང་རུང་བའོ། །དགྲ་གང་ཡིན་པ་དེའི་ཡིད་ཆགས་པའི་ཞིང་དང་། རྟ་ནོར་ཁང་པ་སོགས་ཀྱི་ས་དང་སྤུ་རྣམས་སོ།
༈ ལིངྒ་སྔར་གནད་མ་ནོར་བ་ཅེས་པ། ཅེས་གསུངས་པའི་དོན་འདི་ལྟར་བྱ་སྟེ། ལྟེ་བར་འཁོར་ལོ་རྩིབས་བཅུ་བསྒོམ། ཧཱུྃ་ཕཊ་གཟུངས་དོར་སྙིང་པོས་བསྐོར། ལྟེར་ཎིའི་བར་འཁོར་ལོའི་རྩིབས། མིང་རུས་བླ་དང་བཅས་པ་བྲིས། འཁོར་ལྔ་ས་བོན་རང་སྔགས་ལས། མཱ་རའི་སྦྱོར་མཚམས་ཤེས་པར་བྱ། ཕྱི་རོལ་དུ་རྩ་སྔགས་མིང་སྤེལ་བཅས་པ་བྲིས། སྔ་བར་དུ་གཏོར་མ་འབྲུབ་ཁུང་ཟུར་རང་ལ་བསྟན། དེར་ནི་ལིངྒ་མགོ་མཐུར་བསྟན་རང་ལ་བསྟན། མགོན་པོའི་ཞལ་ཡང་རང་ལ་བསྟན་པའོ། ལྟེབས་དུས་ཕྱིར་བསྟན་པའོ།
།དམར་པོའི་དཔེའུ་ཆུང་འདི་ཉིད་དང་། བེ་བུམ་ནག་པོའི་ཤོག་དྲིལ་གཉིས། གསང་བའི་མན་ངག་མཆོག་ཡིན་ལ། །མཁས་གྲུབ་གོང་མའི་གསུང་བཞིན་དུ། །བསྟན་འཛིན་བཤེས་གཉེན་རེ་རེ་ཙམ། །དེ་ལ་བྱིན་ལ་བཀའ་རྒྱས་ཐོབ། །སྣོད་མིན་དག་ལ་སྤེལ་གྱུར་ན། །ཀྵེ་ཏྲ་པཱ་ལ་ཡབ་ཡུམ་གྱིས། །དེ་ཡི་སྙིང་ཕྱུང་སྲོག་ཆོད་ཅིག །ཞིབ་ཆ་བླ་མའི་ཞལ་ལས་དྲིས།།