Difference between revisions of "Dpal ldan bla ma'i rnam thar gsol 'debs zhal gsung ma phrin las lhun gyis grub pa'i sgra dbyangs"

From Shangpa Resource Center

(25 intermediate revisions by the same user not shown)
Line 4: Line 4:

|Wylie Title=dpal ldan bla ma'i rnam thar gsol 'debs zhal gsung ma phrin las lhun gyis grub pa'i sgra dbyangs

|Subject=Prayer

|Subject=Prayer
|Associated Person=Kalu Dorjé Chang

|SubTopics=rnam thar gsol 'debs

|Author=Kalu Dorjé Chang

|Notes=This prayer is contained in [[bla ma'i rnam thar dad pa'i gsol 'debs thar lam bgrod pa'i shing rta]]

|TranslationFileEN=Rnam_thar_gsol_'debs.pdf

|TranslationAccessLevel=public

༄༅། །དཔལ་ལྡན་བླ་མའི་རྣམ་ཐར་གསོལ་འདེབས་ཞལ་གསུང་མ་ཕྲིན་ལས་ལྷུན་གྱིས་གྲུབ་པའི་སྒྲ་དབྱངས་ཤེས་བྱ་བ་བཞུགས།།

།གྲངས་མེད་གོང་ནས་ཚོགས་གཉིས་དཔལ་གྱིས་གཏམས། །བསྐྱེད་རྫོགས་བྱང་ཆུབ་སེམས་ལ་དབང་འབྱོར་ཞིང་། །རང་གཞན་དོན་གཉིས་དཔལ་ལ་ལོངས་སྤྱོད་པ། །རང་བྱུང་ཀུན་ཁྱབ་ཞབས་ལ་གསོལ་བ་འདེབས།
།ཤངས་ཆོས་ཉམས་བཞེས་གྲུབ་པའི་གོ་འཕང་བརྙེས། །དཔལ་བཟང་སྤྲུལ་སྐུ་བསམ་བཞིན་སྲིད་བཟུང་བ། །སྔགས་འཆང་ལེགས་བཤད་སྒྲ་དབྱངས་ཡབ་ཡུམ་གྱི། །ལྷུམས་སུ་མངོན་པར་མཐོང་ལ་གསོལ་བ་འདེབས།
།དགའ་སྟོན་ཚེས་བཅུའི་མཆོད་པ་བརྩོན་པའི་སྐབས། །ཡབ་ཡུམ་མནལ་དུ་འཇམ་མགོན་བླ་མ་རྗེ། །ཉིད་ལ་གནས་གཡར་དགོས་ཞེས་ཐིམ་པ་དང་། །ཨོ་རྒྱན་ཡབ་ཡུམ་མངོན་སུམ་བྱོན་སྣང་བཅས། །ལྷུམས་སུ་ཞུགས་པར་མཛད་ལ་གསོལ་བ་འདེབས།
།དེ་ཚེ་ཟོ་འདོགས་བདེ་ཞིང་ངོ་མཚར་བའི། །མནལ་ལྟས་རྒྱུན་མི་ཆད་དང་སྟེང་ཤོད་དུ། །མེ་ཏོག་ཆར་དང་འཇའ་འོད་གུར་ཁྱིམ་བཅས། །སྐུ་ཉིད་དྲང་པོར་འཁྲུངས་ལ་གསོལ་བ་འདེབས།
།བལྟམས་མ་ཐག་ཏུ་འཛུམ་པའི་མདངས་དང་བཅས། །ཞལ་ནས་གསུང་བྱོན་ཡབ་ཡུམ་བདེ་དང་ལྡན། །ཀུན་གྱིས་མངོན་པར་བསྟོང་ཅིང་ངོ་མཚར་བའི། །སྤྲུལ་པའི་སྐུ་རུ་གྲགས་ལ་གསོལ་བ་འདེབས།
།བྱིས་པའི་དུས་ནས་དགེ་བའི་བག་ཆགས་སད། །ཚེ་འདི་བློས་གཏོང་དབེན་པའི་རི་སུལ་ཏུ། །ཉམས་ལེན་ཁོ་ན་སྐྱོང་བའི་མོས་འདུན་ཉིད། །མ་བཅོས་ཤུགས་སུ་འབྱུང་ལ་གསོལ་བ་འདེབས།
།སེམས་ཅན་སྡུག་བསྔལ་གྱིས་བཙེས་ཉམ་ཐག་དང་། །སྨིན་གྲོལ་དབང་ཆོས་འབྲེལ་བའི་བླ་མ་ལ། །སྙིང་རྗེ་མོས་གུས་མཆི་མ་འཁྲུགས་པ་ཡི། །བག་ཆགས་ལྷན་སྐྱེས་མངའ་ལ་གསོལ་བ་འདེབས།
།བཅུ་གསུམ་ལོ་ལ་བསྟན་ལ་རབ་ཏུ་བྱུང་། །བཅོ་ལྔའི་ལོ་ལ་དབྱར་གནས་ཚོགས་པའི་དབུས། །མི་འཇིགས་སྤོབས་པས་སྡོམ་གསུམ་བཤད་པ་མཛད། །བློ་གསལ་ཡིད་དབང་འཕྲོག་ལ་གསོལ་བ་འདེབས།
།བཅུ་དྲུག་ལོ་ལ་རྒྱལ་བས་ལུང་བསྟན་པ། །ཁྱུང་པོ་དངོས་བྱོན་འཇམ་མགོན་བླ་མ་ཡི། །སྒྲུབ་ཁང་ཆེན་མོར་ལོ་གསུམ་སྒྲུབ་ལ་ཞུགས། །དད་བརྩོན་དཔག་མེད་ལྡན་ལ་གསོལ་བ་འདེབས།
༼།ནོར་བུ་དོན་ཀུན་གྲུབ་པའི་ཞལ་སྔ་ནས། །གསར་རྙིང་སྨིན་གྲོལ་ཟབ་དཔག་མེད་པ་དང་།༽ །ཁྱད་པར་གྲུབ་ཆེན་ཁྱུང་པོའི་གསེར་ཆོས་ཀུན། །བུམ་པ་གང་བྱོ་བསྩལ་ལ་གསོལ་བ་འདེབས།
།གཞན་ཡང་མཁས་གྲུབ་བླ་མ་མང་བསྟེན་ཅིང་། །མདོ་སྔགས་གསར་རྙིང་གདམས་སྐོར་དཔག་མེད་ལ། །གསན་བསམ་སྒོམ་ལ་བརྩོན་པས་ནན་ཆག་གིས། །ཀུན་གྱི་ཐུགས་སྲས་གྱུར་ལ་གསོལ་བ་འདེབས།
།རྨི་ལམ་སྐབས་སུ་འཇམ་མགོན་བླ་མ་རྗེ། །དབང་བཞི་ཡོངས་རྫོགས་བསྐུར་དང་རང་ཉིད་ནི། །པད་འབྱུང་སྐུར་གྱུར་ལྷ་སྲིན་དབང་དུ་བསྡུས། །བརྟན་མའི་གླུ་ཡི་མཆོད་ལ་གསོལ་བ་འདེབས།
།ཡི་དམ་བསྙེམས་པས་རྒྱལ་འགོང་དམ་སྲི་འདུལ། །སྒྲོལ་མའི་ལུང་བསྟན་གེགས་ཀྱི་གཡུལ་ལས་རྒྱལ། །སངས་རྒྱས་བྱང་སེམས་འཕགས་པའི་གནས་བརྟན་ཚོགས། །ཞལ་མཇལ་སྨོན་ལམ་བཏབ་ལ་གསོལ་བ་འདེབས།
།ཉེར་ལྔའི་ལོ་ནས་ཁྱིམ་གྱི་སོ་ཚིས་སྤངས། །གང་བྱུང་དེས་ཆོག་ཕྱོགས་མེད་བྱ་བྲལ་ཚུལ། །དད་གཤིན་རྫས་ཀུན་མཉམ་པ་ཉིང་རྗེས་བསྐྱངས། །འདོད་ཡོན་ཞེན་མེད་ཚོགས་ཀྱི་མཆོད་པར་རོལ། །རྣལ་འབྱོར་རྒྱལ་པོ་ཁྱེད་ལ་གསོལ་བ་འདེབས།
།གཞན་གནོད་གཞིར་བཅས་སྤོང་བས་རྒྱུད་སྡོམ་ཞིང་། །གཞན་ཕན་བྱང་ཆུབ་སེམས་ལ་རྟག་ཏུ་བརྩོན། །བསྐྱེད་རྫོགས་ཟུང་འཇུག་ཉམས་ལེན་ཐར་འདོན་པའི། །གསུམ་ལྡན་རྡོ་རྗེ་འཛིན་ལ་གསོལ་བ་འདེབས།
།དམ་པ་དུ་མས་བློ་གྲོས་མཐའ་ཡས་དང་། །འཇམ་མགོན་བཛྲ་རཏྣ་ལ་སོགས་པའི། །སྐྱེ་སྤྲུལ་ངེས་པ་ཡིན་ཞེས་ཞལ་བཞེས་པའི། །རྒྱལ་སྲས་དམ་པ་ཁྱེད་ལ་གསོལ་བ་འདེབས།
།ཟབ་མོའི་གཟུངས་དང་སངས་རྒྱས་མཚན་བསྒྲགས་ཤིང་། །བཀའ་གཏེར་དམ་རྫས་ཐབས་མཁས་སྣ་ཚོགས་ཀྱིས། །ཉ་སྦྲང་གྲོག་སྦུར་ལ་སོགས་བྱེ་བ་ཕྲག །དཔག་མེད་ཐར་པར་འགོད་ལ་གསོལ་བ་འདེབས།
།རྒྱལ་བསྟན་སྤྱི་དང་ཁྱད་པར་ཤངས་བརྒྱུད་ལ། །འཆད་སྤེལ་འཛིན་སྐྱོང་ཐུགས་བསྐྱེད་རྨད་བྱུང་གིས། །བསྟན་པ་སླར་སྤེལ་གདམས་པའི་སྲོག་མཐུད་ལ། །ཟླ་མེད་རྣམ་འདྲེན་མཆོག་ལ་གསོལ་བ་འདེབས།
།མཁར་རྡོ་ལྷ་བཙུན་ཐོགས་མེད་རྨོག་ལྕོག་རྗེ། །རིས་མེད་མཁས་གྲུབ་བླ་མ་མཆོག་རྣམས་དང་། །འབོ་དཀར་ལ་སོགས་སྐྱེས་ཆེན་དུ་མ་ལ། །ཤངས་བརྒྱུད་བསྟན་པ་གཏད་ལ་གསོལ་བ་འདེབས།
།དཔལ་གྱིས་ཇོ་ནང་ཞང་ཞུང་ལ་སོགས་སུ། །བསྟན་པ་སླར་གསོས་བསྟན་པའི་བྱ་བ་མཛད། །དབུས་གཙང་རྟེན་ལ་དད་སྨོན་ཡིད་ཚིམ་ཞུས། །དལ་འབྱོར་དོན་ཡོད་མཛད་ལ་གསོལ་བ་འདེབས།
།གངས་ཅན་ལྗོངས་སུ་ཀླ་ཀློའི་དཔུང་གིས་བཅོམ། །སྔོན་སྨོན་སྟོབས་ཀྱིས་འཕགས་པའི་ཡུལ་དུ་བགྲོད། །ས་ཕྱོགས་ཀུན་ཏུ་ཆོས་ཀྱི་འཆད་སྤེལ་མཛད། །ཐར་པའི་ལམ་བཟང་སྟོན་ལ་གསོལ་བ་འདེབས།
།ཞྭ་ནག་ཅོད་པན་འཛིན་པ་བཅུ་དྲུག་པ། །རང་བྱུང་རིག་པའི་རྡོ་རྗེ་གཙུག་ཏུ་བསྙེན། །བརྩེ་བ་ཆེན་པོའི་ཐུགས་ཀྱིས་རྗེས་སུ་བཟུང་། །སྒྲུབ་བརྒྱུད་བསྟན་པ་གཏད་ལ་གསོལ་བ་འདེབས།
།རྒྱལ་བ་ཡབ་སྲས་བསམ་བཞིན་སྲིད་བཟུང་བའི། །ཞྭ་དམར་སི་ཏུ་འཇམ་མགོན་རྒྱལ་ཚབ་བཅས། །རྗེས་བཟུང་བཀའ་བཞིའི་བརྒྱུད་སྲོལ་གདམས་པའི་བཅུད། །བུམ་པ་གང་བྱོ་བསྩལ་ལ་གསོལ་བ་འདེབས།
།གངས་ལྗོངས་རྒྱལ་བསྟན་ཡོངས་ཀྱི་རྣམ་འདྲེན་མཆོག །བསྟན་འཛིན་རྒྱ་མཚོས་ཟབ་གསང་གདམས་པ་བསྩལ། །བཀའ་བཞིན་རྗེས་སྒྲུབ་དམ་པ་མང་པོ་ལ། །དབང་ཁྲིད་གདམས་པ་སྟོན་ལ་གསོལ་བ་འདེབས།
།གཞན་ཡང་བླ་མ་སྤྲུལ་པའི་སྐྱེས་ཆེན་སོགས། །དམ་པ་རྣམས་ལ་སྨིན་གྲོལ་གདམས་པ་ཕུལ། །རིས་མེད་བསྟན་ལ་བྱ་བ་རླབས་ཆེན་མཛད། །རྒྱལ་བསྟན་ཉིན་མོར་མཛད་ལ་གསོལ་བ་འདེབས།
།ལུང་རྟོགས་བསྟན་ལ་སྲི་ཞུ་དཔག་མེད་དང་། །གནས་ཆེན་རྣམས་སུ་མཆོད་སྨོན་ཡིད་ཚིམ་ཞུས། །དགེ་འདུན་བརྒྱ་ཕྲག་སྒྲུབ་པའི་ས་སྡེ་བཙུགས། །བསྟན་པའི་སྒྲོན་མེ་གྱུར་ལ་གསོལ་བ་འདེབས།
།ཛམྦུ་གླིང་དང་གླིང་ཕྲན་ཐམས་ཅད་ཀྱི། །སྐད་ཡིག་མི་གཅིག་སྐལ་ལྡན་སློབ་མའི་ཚོགས། །པདྨའི་མཚོ་ལ་ངང་མོ་འཇུག་པ་བཞིན། །ལུས་ཅན་སྨིན་གྲོལ་མཛད་ལ་གསོལ་བ་འདེབས།
།མཁའ་དབྱིངས་ལམ་ནས་གླིང་ཆེན་ཀུན་ཏུ་གཤེགས། །སྐད་རིགས་མི་གཅིག་སྐྱེ་བོ་ཕོ་མོའི་ཚོགས། །ཐུགས་རྗེ་ཆེན་པོའི་གདུལ་བྱའི་ཞིང་དུ་བཀོད། །མ་ནོར་ལམ་བཟང་སྟོན་ལ་གསོལ་བ་འདེབས།
།བསྟན་འཛིན་སྐྱེས་བུ་སློབ་ཚོགས་ཕྱོགས་བརྒྱར་འགྱེད། །དགེ་བཅུའི་ཁྲིམས་ཀྱི་དར་ཆེན་གོང་དུ་འཕྱར། །བསགས་སྦྱང་སྤེལ་བའི་ས་ཆེན་ཐང་མར་བརྡལ། །རྒྱལ་བསྟན་ཉིན་མོར་མཛད་ལ་གསོལ་བ་འདེབས།
༼།སྣང་གྲགས་ཆོས་ཀུན་སྒྱུ་མ་རྨི་ལམ་སྦྱང་། །བྱས་ཚད་ཐམས་ཅད་གཞན་དོན་ཁོ་ནར་དམིགས། །བསགས་ཚད་མ་ལུས་ཆོས་ཀྱི་ཕྱོགས་སུ་བཏང་། །འབྲེལ་ཚད་དོན་དང་ལྡན་ལ་གསོལ་བ་འདེབས།༽
།དོན་བརྒྱད་ལོ་རུ་ཛམ་གླིང་ཕྱོགས་མཚམ་གྱི། །རྒྱ་མཚོའི་ཕ་མཐར་གླིང་ཕྲན་གླིང་ཆེན་གྱི། །རྒྱལ་ཁབ་ཆེན་པོ་གསུམ་ཅུ་རྩ་ལྔ་སོགས། །མཁའ་དབྱིངས་ལམ་ནས་གཤེགས་ལ་གསོལ་བ་འདེབས།
།གང་འདུལ་འགྲོ་ལ་ཐེག་གསུམ་ཆོས་འཁོར་དང་། །ལྷག་པར་སྒྲུབ་པའི་སྡེ་ཆེན་མང་པོ་བཙུགས་། །ཡིག་དྲུག་བསྟན་ལ་ཛམ་གླིང་ཁྱབ་པར་སྤེལ། །འབྲེལ་ཚད་དོན་ལྡན་ཁྱེད་ལ་གསོལ་བ་འདེབས།
།ལྷག་པར་བོད་དང་རྒྱ་ནག་ཡུལ་གྲུ་ཀུན། །མདོ་སྔགས་བསྟན་པའི་མེ་རོ་སླར་ཡང་གསོས། །མཐའ་དབུས་བདེ་བའི་མཛད་པ་བརླབ་ཆེན་གྱིས། །ཕན་བདེའི་དགའ་སྟོན་མཛད་ལ་གསོལ་བ་འདེབས།
།དོན་དགུར་བཀའ་བརྒྱུད་རྒྱལ་བ་ཡབ་སྲས་དབུས། །འཛམ་གླིང་དད་སློབ་སྟོང་ཕྲག་དུ་མ་ལ། །ནང་རྒྱུད་རིན་ཆེན་གཏེར་གྱི་མཛོད་ཆེན་མོའི། །སྨིན་གྲོལ་སྒོ་འཕར་ཕྱེས་ལ་གསོལ་བ་འདེབས།
༼།ལོ་དེར་རྡོ་རྗེ་གདན་སོགས་རྒྱ་བལ་གྱི། །གནས་ཆེན་ཀུན་ཏུ་སློབ་ཚོགས་བརྒྱ་ཕྲག་བཅས། །མཆོད་སྦྱིན་དཔག་མེད་བསགས་སྦྱོང་སྤེལ་གསུམ་གྱིས། །སྨོན་ལམ་ཕ་རོལ་ཕྱིན་ལ་གསོལ་བ་འདེབས།
།འཇམ་མགོན་གུ་ཎ་གསུང་རབ་བཅུ་ཕྲག་གཞུང་། །གཅིག་བསྡུས་ཤེས་བྱ་ཀུན་ཁྱབ་འཛམ་གླིང་སྤྱིའི། །རིག་པའི་དཔལ་དུ་དབྱིན་སྐད་སྒྲ་བསྒྱུར་གྱིས། །ཕྲིན་ལས་སྒོ་འཕར་ཕྱེས་ལ་གསོལ་བ་འདེབས།
།སཱ་ལུ་སྒ་རའི་རྒྱུ་འགྲུལ་ལམ་པོ་ཆེར། །རྒྱལ་བའི་རིང་སྲེལ་རྣམ་ལྔའི་སྙིང་པོ་ཅན། །མཐོང་གྲོལ་བཀྲ་ཤིས་སྒོ་མང་མཆོད་སྡོང་ཆེན། །འབྲེལ་ཚད་དོན་ལྡན་བསྐྲུན་ལ་གསོལ་བ་འདེབས།
།དེ་ལྟར་སྐུ་ཚེ་གཅིག་ལ་མཆོག་རྣམས་ཀྱིས། །བསྔགས་བསྟན་འགྲོ་ཡི་མཛད་པ་མཐར་ཕྱིན་ནས། །སླར་ཡང་འགྲོ་ལ་ཐུགས་རྗེས་སྤྲུལ་པའི་གར། །འབྱུང་འགྱུར་ལུང་བསྟན་མཛད་ལ་གསོལ་བ་འདེབས།
།དགུང་གྲངས་བརྒྱད་ཅུ་རྩ་ལྔ་ནག་ཟླ་ལ། །ཞིང་འདི་མཛད་པ་མཐའ་མ་བརྟུལ་བའི་ཚུལ། །གཟུགས་སྐུ་ཟག་མེད་འོད་གསལ་ཆོས་དབྱིངས་སུ། །སྙོམས་པར་ཞུགས་པར་མཛད་ལ་གསོལ་བ་འདེབས།
།བསོད་ནམས་བྱེ་བས་བསྐྲུན་པའི་མཚན་དཔེའི་སྐུ། །གྲོལ་བ་བཞི་ལྡན་སྐུའི་དམར་གདུང་ཉིད། །ལྷ་མི་བསོད་ནམས་ཞིང་དུ་ཇི་སྲིད་བར། །འགྲོ་དོན་རྒྱུན་མི་ཆད་ལ་གསོལ་བ་འདེབས།
།མདོར་ན་མཚུངས་མེད་བླ་མ་མཆོག་རྣམས་དང། །ཐུགས་ཡིད་གཅིག་འདྲེས་ཐུགས་དགོངས་རྫོགས་པར་མཛད། །བསྐྱེད་རྫོགས་བྱང་ཆུབ་སེམས་ལས་མི་གཡོ་བའི། །རྒྱལ་སྲས་དམ་པ་ཁྱེད་ལ་གསོལ་བ་འདེབས།
།དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །རང་གཞན་དོན་གཉིས་དཔལ་ལ་ལོངས་སྤྱོད་ནས། །བདེ་ཆེན་ཞིང་དུ་བརྫུས་ཏེ་སྐྱེས་ནས་ཀྱང་། །འགྲོ་བ་མ་ལུས་འདྲེན་པའི་དེད་དཔོན་ཤོག།
།ཅེས་པའང་རང་གིས་རང་ཉིད་ལ་བསྟོད་པ་མ་རབས་བླུན་པོའི་ལུགས་སུ་གྱུར་ཀྱང་། ཆོས་ཀྱི་སྤྱན་རས་ཡངས་ཤིང་དག་སྣང་ཕྱོགས་མེད་འབྱོངས་པའི་སྐྱེས་ཆེན་དམ་པ་མཁར་རྡོ་རིན་ཆེན་པོ་སོགས་ཀྱིས་ནན་བསྐུལ་མཛད་ངོར། །བླ་མ་གོང་མ་རྣམས་ཀྱི་ཐུགས་བརྒྱུད་ཡེ་ཤེས་ཆེན་པོ་དང་དབྱེར་མེད་པའི་མོས་འདུན་གྱི་སྒོ་ནས་སྨྲས་པའོ།།

༄༅། །དཔལ་ལྡན་བླ་མའི་རྣམ་ཐར་གསོལ་འདེབས་ཞལ་གསུང་མ་ཕྲིན་ལས་ལྷུན་གྱིས་གྲུབ་པའི་སྒྲ་དབྱངས་ཤེས་བྱ་བ་བཞུགས།།

།གྲངས་མེད་གོང་ནས་ཚོགས་གཉིས་དཔལ་གྱིས་གཏམས། །བསྐྱེད་རྫོགས་བྱང་ཆུབ་སེམས་ལ་དབང་འབྱོར་ཞིང་། །རང་གཞན་དོན་གཉིས་དཔལ་ལ་ལོངས་སྤྱོད་པ། །[[Kalu Dorjé Chang|རང་བྱུང་ཀུན་ཁྱབ་]]ཞབས་ལ་གསོལ་བ་འདེབས།
།ཤངས་ཆོས་ཉམས་བཞེས་གྲུབ་པའི་གོ་འཕང་བརྙེས། །དཔལ་བཟང་སྤྲུལ་སྐུ་བསམ་བཞིན་སྲིད་བཟུང་བ། །སྔགས་འཆང་[[Karma Lekshé Drayang|ལེགས་བཤད་སྒྲ་དབྱངས་]]ཡབ་ཡུམ་གྱི། །ལྷུམས་སུ་མངོན་པར་མཐོང་ལ་གསོལ་བ་འདེབས།
།དགའ་སྟོན་ཚེས་བཅུའི་མཆོད་པ་བརྩོན་པའི་སྐབས། །ཡབ་ཡུམ་མནལ་དུ་[[Jamgön Kongtrül Lodrö Thayé|འཇམ་མགོན་བླ་མ་]]རྗེ། །ཉིད་ལ་གནས་གཡར་དགོས་ཞེས་ཐིམ་པ་དང་། །ཨོ་རྒྱན་ཡབ་ཡུམ་མངོན་སུམ་བྱོན་སྣང་བཅས། །ལྷུམས་སུ་ཞུགས་པར་མཛད་ལ་གསོལ་བ་འདེབས།
།དེ་ཚེ་ཟོ་འདོགས་བདེ་ཞིང་ངོ་མཚར་བའི། །མནལ་ལྟས་རྒྱུན་མི་ཆད་དང་སྟེང་ཤོད་དུ། །མེ་ཏོག་ཆར་དང་འཇའ་འོད་གུར་ཁྱིམ་བཅས། །སྐུ་ཉིད་དྲང་པོར་འཁྲུངས་ལ་གསོལ་བ་འདེབས།
།བལྟམས་མ་ཐག་ཏུ་འཛུམ་པའི་མདངས་དང་བཅས། །ཞལ་ནས་གསུང་བྱོན་ཡབ་ཡུམ་བདེ་དང་ལྡན། །ཀུན་གྱིས་མངོན་པར་བསྟོང་ཅིང་ངོ་མཚར་བའི། །སྤྲུལ་པའི་སྐུ་རུ་གྲགས་ལ་གསོལ་བ་འདེབས།
།བྱིས་པའི་དུས་ནས་དགེ་བའི་བག་ཆགས་སད། །ཚེ་འདི་བློས་གཏོང་དབེན་པའི་རི་སུལ་ཏུ། །ཉམས་ལེན་ཁོ་ན་སྐྱོང་བའི་མོས་འདུན་ཉིད། །མ་བཅོས་ཤུགས་སུ་འབྱུང་ལ་གསོལ་བ་འདེབས།
།སེམས་ཅན་སྡུག་བསྔལ་གྱིས་བཙེས་ཉམ་ཐག་དང་། །སྨིན་གྲོལ་དབང་ཆོས་འབྲེལ་བའི་བླ་མ་ལ། །སྙིང་རྗེ་མོས་གུས་མཆི་མ་འཁྲུགས་པ་ཡི། །བག་ཆགས་ལྷན་སྐྱེས་མངའ་ལ་གསོལ་བ་འདེབས།
།བཅུ་གསུམ་ལོ་ལ་བསྟན་ལ་རབ་ཏུ་བྱུང་། །བཅོ་ལྔའི་ལོ་ལ་དབྱར་གནས་ཚོགས་པའི་དབུས། །མི་འཇིགས་སྤོབས་པས་སྡོམ་གསུམ་བཤད་པ་མཛད། །བློ་གསལ་ཡིད་དབང་འཕྲོག་ལ་གསོལ་བ་འདེབས།
།བཅུ་དྲུག་ལོ་ལ་རྒྱལ་བས་ལུང་བསྟན་པ། །[[Khyungpo Neljor|ཁྱུང་པོ་]]དངོས་བྱོན་[[Jamgön Kongtrül Lodrö Thayé|འཇམ་མགོན་བླ་མ་]]ཡི། །སྒྲུབ་ཁང་ཆེན་མོར་ལོ་གསུམ་སྒྲུབ་ལ་ཞུགས། །དད་བརྩོན་དཔག་མེད་ལྡན་ལ་གསོལ་བ་འདེབས།
༼།[[Norbu Döndrup|ནོར་བུ་དོན་ཀུན་གྲུབ་པ]]འི་ཞལ་སྔ་ནས། །གསར་རྙིང་སྨིན་གྲོལ་ཟབ་དཔག་མེད་པ་དང་།༽ །ཁྱད་པར་[[Khyungpo Neljor|གྲུབ་ཆེན་ཁྱུང་པོ]]འི་གསེར་ཆོས་ཀུན། །བུམ་པ་གང་བྱོ་བསྩལ་ལ་གསོལ་བ་འདེབས།
།གཞན་ཡང་མཁས་གྲུབ་བླ་མ་མང་བསྟེན་ཅིང་། །མདོ་སྔགས་གསར་རྙིང་གདམས་སྐོར་དཔག་མེད་ལ། །གསན་བསམ་སྒོམ་ལ་བརྩོན་པས་ནན་ཆག་གིས། །ཀུན་གྱི་ཐུགས་སྲས་གྱུར་ལ་གསོལ་བ་འདེབས།
།རྨི་ལམ་སྐབས་སུ་[[Jamgön Kongtrül Lodrö Thayé|འཇམ་མགོན་བླ་མ་]]རྗེ། །དབང་བཞི་ཡོངས་རྫོགས་བསྐུར་དང་རང་ཉིད་ནི། །པད་འབྱུང་སྐུར་གྱུར་ལྷ་སྲིན་དབང་དུ་བསྡུས། །བརྟན་མའི་གླུ་ཡི་མཆོད་ལ་གསོལ་བ་འདེབས།
།ཡི་དམ་བསྙེམས་པས་རྒྱལ་འགོང་དམ་སྲི་འདུལ། །སྒྲོལ་མའི་ལུང་བསྟན་གེགས་ཀྱི་གཡུལ་ལས་རྒྱལ། །སངས་རྒྱས་བྱང་སེམས་འཕགས་པའི་གནས་བརྟན་ཚོགས། །ཞལ་མཇལ་སྨོན་ལམ་བཏབ་ལ་གསོལ་བ་འདེབས།
།ཉེར་ལྔའི་ལོ་ནས་ཁྱིམ་གྱི་སོ་ཚིས་སྤངས། །གང་བྱུང་དེས་ཆོག་ཕྱོགས་མེད་བྱ་བྲལ་ཚུལ། །དད་གཤིན་རྫས་ཀུན་མཉམ་པ་ཉིང་རྗེས་བསྐྱངས། །འདོད་ཡོན་ཞེན་མེད་ཚོགས་ཀྱི་མཆོད་པར་རོལ། །རྣལ་འབྱོར་རྒྱལ་པོ་ཁྱེད་ལ་གསོལ་བ་འདེབས།
།གཞན་གནོད་གཞིར་བཅས་སྤོང་བས་རྒྱུད་སྡོམ་ཞིང་། །གཞན་ཕན་བྱང་ཆུབ་སེམས་ལ་རྟག་ཏུ་བརྩོན། །བསྐྱེད་རྫོགས་ཟུང་འཇུག་ཉམས་ལེན་ཐར་འདོན་པའི། །གསུམ་ལྡན་རྡོ་རྗེ་འཛིན་ལ་གསོལ་བ་འདེབས།
།དམ་པ་དུ་མས་[[Jamgön Kongtrül Lodrö Thayé|བློ་གྲོས་མཐའ་ཡས་]]དང་། །[[Dorjé Rinchen|འཇམ་མགོན་བཛྲ་རཏྣ་]]ལ་སོགས་པའི། །སྐྱེ་སྤྲུལ་ངེས་པ་ཡིན་ཞེས་ཞལ་བཞེས་པའི། །རྒྱལ་སྲས་དམ་པ་ཁྱེད་ལ་གསོལ་བ་འདེབས།
།ཟབ་མོའི་གཟུངས་དང་སངས་རྒྱས་མཚན་བསྒྲགས་ཤིང་། །བཀའ་གཏེར་དམ་རྫས་ཐབས་མཁས་སྣ་ཚོགས་ཀྱིས། །ཉ་སྦྲང་གྲོག་སྦུར་ལ་སོགས་བྱེ་བ་ཕྲག །དཔག་མེད་ཐར་པར་འགོད་ལ་གསོལ་བ་འདེབས།
།རྒྱལ་བསྟན་སྤྱི་དང་ཁྱད་པར་ཤངས་བརྒྱུད་ལ། །འཆད་སྤེལ་འཛིན་སྐྱོང་ཐུགས་བསྐྱེད་རྨད་བྱུང་གིས། །བསྟན་པ་སླར་སྤེལ་གདམས་པའི་སྲོག་མཐུད་ལ། །ཟླ་མེད་རྣམ་འདྲེན་མཆོག་ལ་གསོལ་བ་འདེབས།
།[[Kelzang Thubten Nyendrak|མཁར་རྡོ་]][[Lobsang Thubten Gelek Rabgyé|ལྷ་བཙུན་]][[ཐོགས་མེད་]][[Mokchokpa Yeshé Jampa|རྨོག་ལྕོག་རྗེ]]། །རིས་མེད་མཁས་གྲུབ་བླ་མ་མཆོག་རྣམས་དང་། །[[Bokar Rinpoché|འབོ་དཀར་]]ལ་སོགས་སྐྱེས་ཆེན་དུ་མ་ལ། །ཤངས་བརྒྱུད་བསྟན་པ་གཏད་ལ་གསོལ་བ་འདེབས།
།[[དཔལ་གྱིས་ཇོ་ནང་]][[Shongshong|ཞང་ཞུང་]]ལ་སོགས་སུ། །བསྟན་པ་སླར་གསོས་བསྟན་པའི་བྱ་བ་མཛད། །དབུས་གཙང་རྟེན་ལ་དད་སྨོན་ཡིད་ཚིམ་ཞུས། །དལ་འབྱོར་དོན་ཡོད་མཛད་ལ་གསོལ་བ་འདེབས།
།གངས་ཅན་ལྗོངས་སུ་ཀླ་ཀློའི་དཔུང་གིས་བཅོམ། །སྔོན་སྨོན་སྟོབས་ཀྱིས་འཕགས་པའི་ཡུལ་དུ་བགྲོད། །ས་ཕྱོགས་ཀུན་ཏུ་ཆོས་ཀྱི་འཆད་སྤེལ་མཛད། །ཐར་པའི་ལམ་བཟང་སྟོན་ལ་གསོལ་བ་འདེབས།
།ཞྭ་ནག་ཅོད་པན་འཛིན་པ་བཅུ་དྲུག་པ། །[[Rangjung Rigpé Dorjé|རང་བྱུང་རིག་པའི་རྡོ་རྗེ་]]གཙུག་ཏུ་བསྙེན། །བརྩེ་བ་ཆེན་པོའི་ཐུགས་ཀྱིས་རྗེས་སུ་བཟུང་། །སྒྲུབ་བརྒྱུད་བསྟན་པ་གཏད་ལ་གསོལ་བ་འདེབས།
།རྒྱལ་བ་ཡབ་སྲས་བསམ་བཞིན་སྲིད་བཟུང་བའི། །[[Shamar Mipham Chökyi Lodrö|ཞྭ་དམར་]][[Situ Pema Dönyö Nyinjé|སི་ཏུ་]][[Kongtrül Lodrö Chökyi Sengé|འཇམ་མགོན་]][[Gyaltsab Drakpa Tenpa Yarphel|རྒྱལ་ཚབ་]]བཅས། །རྗེས་བཟུང་བཀའ་བཞིའི་བརྒྱུད་སྲོལ་གདམས་པའི་བཅུད། །བུམ་པ་གང་བྱོ་བསྩལ་ལ་གསོལ་བ་འདེབས།
།གངས་ལྗོངས་རྒྱལ་བསྟན་ཡོངས་ཀྱི་རྣམ་འདྲེན་མཆོག །[[Dalaï Lama Tendzin Gyamtso|བསྟན་འཛིན་རྒྱ་མཚོ]]ས་ཟབ་གསང་གདམས་པ་བསྩལ། །བཀའ་བཞིན་རྗེས་སྒྲུབ་དམ་པ་མང་པོ་ལ། །དབང་ཁྲིད་གདམས་པ་སྟོན་ལ་གསོལ་བ་འདེབས།
།གཞན་ཡང་བླ་མ་སྤྲུལ་པའི་སྐྱེས་ཆེན་སོགས། །དམ་པ་རྣམས་ལ་སྨིན་གྲོལ་གདམས་པ་ཕུལ། །རིས་མེད་བསྟན་ལ་བྱ་བ་རླབས་ཆེན་མཛད། །རྒྱལ་བསྟན་ཉིན་མོར་མཛད་ལ་གསོལ་བ་འདེབས།
།ལུང་རྟོགས་བསྟན་ལ་སྲི་ཞུ་དཔག་མེད་དང་། །གནས་ཆེན་རྣམས་སུ་མཆོད་སྨོན་ཡིད་ཚིམ་ཞུས། །དགེ་འདུན་བརྒྱ་ཕྲག་སྒྲུབ་པའི་ས་སྡེ་བཙུགས། །བསྟན་པའི་སྒྲོན་མེ་གྱུར་ལ་གསོལ་བ་འདེབས།
།ཛམྦུ་གླིང་དང་གླིང་ཕྲན་ཐམས་ཅད་ཀྱི། །སྐད་ཡིག་མི་གཅིག་སྐལ་ལྡན་སློབ་མའི་ཚོགས། །པདྨའི་མཚོ་ལ་ངང་མོ་འཇུག་པ་བཞིན། །ལུས་ཅན་སྨིན་གྲོལ་མཛད་ལ་གསོལ་བ་འདེབས།
།མཁའ་དབྱིངས་ལམ་ནས་གླིང་ཆེན་ཀུན་ཏུ་གཤེགས། །སྐད་རིགས་མི་གཅིག་སྐྱེ་བོ་ཕོ་མོའི་ཚོགས། །ཐུགས་རྗེ་ཆེན་པོའི་གདུལ་བྱའི་ཞིང་དུ་བཀོད། །མ་ནོར་ལམ་བཟང་སྟོན་ལ་གསོལ་བ་འདེབས།
།བསྟན་འཛིན་སྐྱེས་བུ་སློབ་ཚོགས་ཕྱོགས་བརྒྱར་འགྱེད། །དགེ་བཅུའི་ཁྲིམས་ཀྱི་དར་ཆེན་གོང་དུ་འཕྱར། །བསགས་སྦྱང་སྤེལ་བའི་ས་ཆེན་ཐང་མར་བརྡལ། །རྒྱལ་བསྟན་ཉིན་མོར་མཛད་ལ་གསོལ་བ་འདེབས།
༼།སྣང་གྲགས་ཆོས་ཀུན་སྒྱུ་མ་རྨི་ལམ་སྦྱང་། །བྱས་ཚད་ཐམས་ཅད་གཞན་དོན་ཁོ་ནར་དམིགས། །བསགས་ཚད་མ་ལུས་ཆོས་ཀྱི་ཕྱོགས་སུ་བཏང་། །འབྲེལ་ཚད་དོན་དང་ལྡན་ལ་གསོལ་བ་འདེབས།༽
།དོན་བརྒྱད་ལོ་རུ་ཛམ་གླིང་ཕྱོགས་མཚམ་གྱི། །རྒྱ་མཚོའི་ཕ་མཐར་གླིང་ཕྲན་གླིང་ཆེན་གྱི། །རྒྱལ་ཁབ་ཆེན་པོ་གསུམ་ཅུ་རྩ་ལྔ་སོགས། །མཁའ་དབྱིངས་ལམ་ནས་གཤེགས་ལ་གསོལ་བ་འདེབས།
།གང་འདུལ་འགྲོ་ལ་ཐེག་གསུམ་ཆོས་འཁོར་དང་། །ལྷག་པར་སྒྲུབ་པའི་སྡེ་ཆེན་མང་པོ་བཙུགས་། །ཡིག་དྲུག་བསྟན་ལ་ཛམ་གླིང་ཁྱབ་པར་སྤེལ། །འབྲེལ་ཚད་དོན་ལྡན་ཁྱེད་ལ་གསོལ་བ་འདེབས།
།ལྷག་པར་བོད་དང་རྒྱ་ནག་ཡུལ་གྲུ་ཀུན། །མདོ་སྔགས་བསྟན་པའི་མེ་རོ་སླར་ཡང་གསོས། །མཐའ་དབུས་བདེ་བའི་མཛད་པ་བརླབ་ཆེན་གྱིས། །ཕན་བདེའི་དགའ་སྟོན་མཛད་ལ་གསོལ་བ་འདེབས།
།དོན་དགུར་བཀའ་བརྒྱུད་རྒྱལ་བ་ཡབ་སྲས་དབུས། །འཛམ་གླིང་དད་སློབ་སྟོང་ཕྲག་དུ་མ་ལ། །ནང་རྒྱུད་རིན་ཆེན་གཏེར་གྱི་མཛོད་ཆེན་མོའི། །སྨིན་གྲོལ་སྒོ་འཕར་ཕྱེས་ལ་གསོལ་བ་འདེབས།
༼།ལོ་དེར་རྡོ་རྗེ་གདན་སོགས་རྒྱ་བལ་གྱི། །གནས་ཆེན་ཀུན་ཏུ་སློབ་ཚོགས་བརྒྱ་ཕྲག་བཅས། །མཆོད་སྦྱིན་དཔག་མེད་བསགས་སྦྱོང་སྤེལ་གསུམ་གྱིས། །སྨོན་ལམ་ཕ་རོལ་ཕྱིན་ལ་གསོལ་བ་འདེབས།
།འཇམ་མགོན་གུ་ཎ་གསུང་རབ་བཅུ་ཕྲག་གཞུང་། །གཅིག་བསྡུས་ཤེས་བྱ་ཀུན་ཁྱབ་འཛམ་གླིང་སྤྱིའི། །རིག་པའི་དཔལ་དུ་དབྱིན་སྐད་སྒྲ་བསྒྱུར་གྱིས། །ཕྲིན་ལས་སྒོ་འཕར་ཕྱེས་ལ་གསོལ་བ་འདེབས།
།སཱ་ལུ་སྒ་རའི་རྒྱུ་འགྲུལ་ལམ་པོ་ཆེར། །རྒྱལ་བའི་རིང་སྲེལ་རྣམ་ལྔའི་སྙིང་པོ་ཅན། །མཐོང་གྲོལ་བཀྲ་ཤིས་སྒོ་མང་མཆོད་སྡོང་ཆེན། །འབྲེལ་ཚད་དོན་ལྡན་བསྐྲུན་ལ་གསོལ་བ་འདེབས།
།དེ་ལྟར་སྐུ་ཚེ་གཅིག་ལ་མཆོག་རྣམས་ཀྱིས། །བསྔགས་བསྟན་འགྲོ་ཡི་མཛད་པ་མཐར་ཕྱིན་ནས། །སླར་ཡང་འགྲོ་ལ་ཐུགས་རྗེས་སྤྲུལ་པའི་གར། །འབྱུང་འགྱུར་ལུང་བསྟན་མཛད་ལ་གསོལ་བ་འདེབས།
།དགུང་གྲངས་བརྒྱད་ཅུ་རྩ་ལྔ་ནག་ཟླ་ལ། །ཞིང་འདི་མཛད་པ་མཐའ་མ་བརྟུལ་བའི་ཚུལ། །གཟུགས་སྐུ་ཟག་མེད་འོད་གསལ་ཆོས་དབྱིངས་སུ། །སྙོམས་པར་ཞུགས་པར་མཛད་ལ་གསོལ་བ་འདེབས།
།བསོད་ནམས་བྱེ་བས་བསྐྲུན་པའི་མཚན་དཔེའི་སྐུ། །གྲོལ་བ་བཞི་ལྡན་སྐུའི་དམར་གདུང་ཉིད། །ལྷ་མི་བསོད་ནམས་ཞིང་དུ་ཇི་སྲིད་བར། །འགྲོ་དོན་རྒྱུན་མི་ཆད་ལ་གསོལ་བ་འདེབས།༽
།མདོར་ན་མཚུངས་མེད་བླ་མ་མཆོག་རྣམས་དང། །ཐུགས་ཡིད་གཅིག་འདྲེས་ཐུགས་དགོངས་རྫོགས་པར་མཛད། །བསྐྱེད་རྫོགས་བྱང་ཆུབ་སེམས་ལས་མི་གཡོ་བའི། །རྒྱལ་སྲས་དམ་པ་ཁྱེད་ལ་གསོལ་བ་འདེབས།
།དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །རང་གཞན་དོན་གཉིས་དཔལ་ལ་ལོངས་སྤྱོད་ནས། །བདེ་ཆེན་ཞིང་དུ་བརྫུས་ཏེ་སྐྱེས་ནས་ཀྱང་། །འགྲོ་བ་མ་ལུས་འདྲེན་པའི་དེད་དཔོན་ཤོག།
།ཅེས་པའང་རང་གིས་རང་ཉིད་ལ་བསྟོད་པ་མ་རབས་བླུན་པོའི་ལུགས་སུ་གྱུར་ཀྱང་། ཆོས་ཀྱི་སྤྱན་རས་ཡངས་ཤིང་དག་སྣང་ཕྱོགས་མེད་འབྱོངས་པའི་སྐྱེས་ཆེན་དམ་པ་[[Kelzang Thubten Nyendrak|མཁར་རྡོ་རིན་ཆེན་]]པོ་སོགས་ཀྱིས་ནན་བསྐུལ་མཛད་ངོར། །བླ་མ་གོང་མ་རྣམས་ཀྱི་ཐུགས་བརྒྱུད་ཡེ་ཤེས་ཆེན་པོ་དང་དབྱེར་མེད་པའི་མོས་འདུན་གྱི་སྒོ་ནས་སྨྲས་པའོ།།

Latest revision as of 07:35, 15 February 2021

Resource ID KRK11
Title dpal ldan bla ma'i rnam thar gsol 'debs zhal gsung ma phrin las lhun gyis grub pa'i sgra dbyangs
Topics Prayer
Sub-Topics rnam thar gsol 'debs
Author Kalu Dorjé Chang
Notes This prayer is contained in bla ma'i rnam thar dad pa'i gsol 'debs thar lam bgrod pa'i shing rta
Traductions (PDF files) English

༄༅། །དཔལ་ལྡན་བླ་མའི་རྣམ་ཐར་གསོལ་འདེབས་ཞལ་གསུང་མ་ཕྲིན་ལས་ལྷུན་གྱིས་གྲུབ་པའི་སྒྲ་དབྱངས་ཤེས་བྱ་བ་བཞུགས།།

།གྲངས་མེད་གོང་ནས་ཚོགས་གཉིས་དཔལ་གྱིས་གཏམས། །བསྐྱེད་རྫོགས་བྱང་ཆུབ་སེམས་ལ་དབང་འབྱོར་ཞིང་། །རང་གཞན་དོན་གཉིས་དཔལ་ལ་ལོངས་སྤྱོད་པ། །རང་བྱུང་ཀུན་ཁྱབ་ཞབས་ལ་གསོལ་བ་འདེབས།
།ཤངས་ཆོས་ཉམས་བཞེས་གྲུབ་པའི་གོ་འཕང་བརྙེས། །དཔལ་བཟང་སྤྲུལ་སྐུ་བསམ་བཞིན་སྲིད་བཟུང་བ། །སྔགས་འཆང་ལེགས་བཤད་སྒྲ་དབྱངས་ཡབ་ཡུམ་གྱི། །ལྷུམས་སུ་མངོན་པར་མཐོང་ལ་གསོལ་བ་འདེབས།
།དགའ་སྟོན་ཚེས་བཅུའི་མཆོད་པ་བརྩོན་པའི་སྐབས། །ཡབ་ཡུམ་མནལ་དུ་འཇམ་མགོན་བླ་མ་རྗེ། །ཉིད་ལ་གནས་གཡར་དགོས་ཞེས་ཐིམ་པ་དང་། །ཨོ་རྒྱན་ཡབ་ཡུམ་མངོན་སུམ་བྱོན་སྣང་བཅས། །ལྷུམས་སུ་ཞུགས་པར་མཛད་ལ་གསོལ་བ་འདེབས།
།དེ་ཚེ་ཟོ་འདོགས་བདེ་ཞིང་ངོ་མཚར་བའི། །མནལ་ལྟས་རྒྱུན་མི་ཆད་དང་སྟེང་ཤོད་དུ། །མེ་ཏོག་ཆར་དང་འཇའ་འོད་གུར་ཁྱིམ་བཅས། །སྐུ་ཉིད་དྲང་པོར་འཁྲུངས་ལ་གསོལ་བ་འདེབས།
།བལྟམས་མ་ཐག་ཏུ་འཛུམ་པའི་མདངས་དང་བཅས། །ཞལ་ནས་གསུང་བྱོན་ཡབ་ཡུམ་བདེ་དང་ལྡན། །ཀུན་གྱིས་མངོན་པར་བསྟོང་ཅིང་ངོ་མཚར་བའི། །སྤྲུལ་པའི་སྐུ་རུ་གྲགས་ལ་གསོལ་བ་འདེབས།
།བྱིས་པའི་དུས་ནས་དགེ་བའི་བག་ཆགས་སད། །ཚེ་འདི་བློས་གཏོང་དབེན་པའི་རི་སུལ་ཏུ། །ཉམས་ལེན་ཁོ་ན་སྐྱོང་བའི་མོས་འདུན་ཉིད། །མ་བཅོས་ཤུགས་སུ་འབྱུང་ལ་གསོལ་བ་འདེབས།
།སེམས་ཅན་སྡུག་བསྔལ་གྱིས་བཙེས་ཉམ་ཐག་དང་། །སྨིན་གྲོལ་དབང་ཆོས་འབྲེལ་བའི་བླ་མ་ལ། །སྙིང་རྗེ་མོས་གུས་མཆི་མ་འཁྲུགས་པ་ཡི། །བག་ཆགས་ལྷན་སྐྱེས་མངའ་ལ་གསོལ་བ་འདེབས།
།བཅུ་གསུམ་ལོ་ལ་བསྟན་ལ་རབ་ཏུ་བྱུང་། །བཅོ་ལྔའི་ལོ་ལ་དབྱར་གནས་ཚོགས་པའི་དབུས། །མི་འཇིགས་སྤོབས་པས་སྡོམ་གསུམ་བཤད་པ་མཛད། །བློ་གསལ་ཡིད་དབང་འཕྲོག་ལ་གསོལ་བ་འདེབས།
།བཅུ་དྲུག་ལོ་ལ་རྒྱལ་བས་ལུང་བསྟན་པ། །ཁྱུང་པོ་དངོས་བྱོན་འཇམ་མགོན་བླ་མ་ཡི། །སྒྲུབ་ཁང་ཆེན་མོར་ལོ་གསུམ་སྒྲུབ་ལ་ཞུགས། །དད་བརྩོན་དཔག་མེད་ལྡན་ལ་གསོལ་བ་འདེབས།
༼།ནོར་བུ་དོན་ཀུན་གྲུབ་པའི་ཞལ་སྔ་ནས། །གསར་རྙིང་སྨིན་གྲོལ་ཟབ་དཔག་མེད་པ་དང་།༽ །ཁྱད་པར་གྲུབ་ཆེན་ཁྱུང་པོའི་གསེར་ཆོས་ཀུན། །བུམ་པ་གང་བྱོ་བསྩལ་ལ་གསོལ་བ་འདེབས།
།གཞན་ཡང་མཁས་གྲུབ་བླ་མ་མང་བསྟེན་ཅིང་། །མདོ་སྔགས་གསར་རྙིང་གདམས་སྐོར་དཔག་མེད་ལ། །གསན་བསམ་སྒོམ་ལ་བརྩོན་པས་ནན་ཆག་གིས། །ཀུན་གྱི་ཐུགས་སྲས་གྱུར་ལ་གསོལ་བ་འདེབས།
།རྨི་ལམ་སྐབས་སུ་འཇམ་མགོན་བླ་མ་རྗེ། །དབང་བཞི་ཡོངས་རྫོགས་བསྐུར་དང་རང་ཉིད་ནི། །པད་འབྱུང་སྐུར་གྱུར་ལྷ་སྲིན་དབང་དུ་བསྡུས། །བརྟན་མའི་གླུ་ཡི་མཆོད་ལ་གསོལ་བ་འདེབས།
།ཡི་དམ་བསྙེམས་པས་རྒྱལ་འགོང་དམ་སྲི་འདུལ། །སྒྲོལ་མའི་ལུང་བསྟན་གེགས་ཀྱི་གཡུལ་ལས་རྒྱལ། །སངས་རྒྱས་བྱང་སེམས་འཕགས་པའི་གནས་བརྟན་ཚོགས། །ཞལ་མཇལ་སྨོན་ལམ་བཏབ་ལ་གསོལ་བ་འདེབས།
།ཉེར་ལྔའི་ལོ་ནས་ཁྱིམ་གྱི་སོ་ཚིས་སྤངས། །གང་བྱུང་དེས་ཆོག་ཕྱོགས་མེད་བྱ་བྲལ་ཚུལ། །དད་གཤིན་རྫས་ཀུན་མཉམ་པ་ཉིང་རྗེས་བསྐྱངས། །འདོད་ཡོན་ཞེན་མེད་ཚོགས་ཀྱི་མཆོད་པར་རོལ། །རྣལ་འབྱོར་རྒྱལ་པོ་ཁྱེད་ལ་གསོལ་བ་འདེབས།
།གཞན་གནོད་གཞིར་བཅས་སྤོང་བས་རྒྱུད་སྡོམ་ཞིང་། །གཞན་ཕན་བྱང་ཆུབ་སེམས་ལ་རྟག་ཏུ་བརྩོན། །བསྐྱེད་རྫོགས་ཟུང་འཇུག་ཉམས་ལེན་ཐར་འདོན་པའི། །གསུམ་ལྡན་རྡོ་རྗེ་འཛིན་ལ་གསོལ་བ་འདེབས།
།དམ་པ་དུ་མས་བློ་གྲོས་མཐའ་ཡས་དང་། །འཇམ་མགོན་བཛྲ་རཏྣ་ལ་སོགས་པའི། །སྐྱེ་སྤྲུལ་ངེས་པ་ཡིན་ཞེས་ཞལ་བཞེས་པའི། །རྒྱལ་སྲས་དམ་པ་ཁྱེད་ལ་གསོལ་བ་འདེབས།
།ཟབ་མོའི་གཟུངས་དང་སངས་རྒྱས་མཚན་བསྒྲགས་ཤིང་། །བཀའ་གཏེར་དམ་རྫས་ཐབས་མཁས་སྣ་ཚོགས་ཀྱིས། །ཉ་སྦྲང་གྲོག་སྦུར་ལ་སོགས་བྱེ་བ་ཕྲག །དཔག་མེད་ཐར་པར་འགོད་ལ་གསོལ་བ་འདེབས།
།རྒྱལ་བསྟན་སྤྱི་དང་ཁྱད་པར་ཤངས་བརྒྱུད་ལ། །འཆད་སྤེལ་འཛིན་སྐྱོང་ཐུགས་བསྐྱེད་རྨད་བྱུང་གིས། །བསྟན་པ་སླར་སྤེལ་གདམས་པའི་སྲོག་མཐུད་ལ། །ཟླ་མེད་རྣམ་འདྲེན་མཆོག་ལ་གསོལ་བ་འདེབས།
མཁར་རྡོ་ལྷ་བཙུན་ཐོགས་མེད་རྨོག་ལྕོག་རྗེ། །རིས་མེད་མཁས་གྲུབ་བླ་མ་མཆོག་རྣམས་དང་། །འབོ་དཀར་ལ་སོགས་སྐྱེས་ཆེན་དུ་མ་ལ། །ཤངས་བརྒྱུད་བསྟན་པ་གཏད་ལ་གསོལ་བ་འདེབས།
དཔལ་གྱིས་ཇོ་ནང་ཞང་ཞུང་ལ་སོགས་སུ། །བསྟན་པ་སླར་གསོས་བསྟན་པའི་བྱ་བ་མཛད། །དབུས་གཙང་རྟེན་ལ་དད་སྨོན་ཡིད་ཚིམ་ཞུས། །དལ་འབྱོར་དོན་ཡོད་མཛད་ལ་གསོལ་བ་འདེབས།